沃唐卡官方告知:由于一些唐卡画师的手机像素偏低,有的唐卡实拍图未必能清晰表达出整幅唐卡的效果,需要订购和了解详情的朋友可联系沃唐卡,告知唐卡编号即可了解该唐卡的细节及相关介绍。
“沃唐卡”官方唐卡(中国唐卡)评估等级/品类标准:
【入门级/精品级--旅游纪念品】--【珍藏级--工艺美术品】--【收藏级与艺术级--收藏艺术品】
沃唐卡24小时短信咨询热线:13661344269(沃唐卡物流部客服与提供“沃唐卡”唐卡编号可通过短信询价)
沃唐卡微信(wechat)咨询号:MasterQiRu(请朋友们注明来意和需求·收藏级与艺术级唐卡设计定制)
沃唐卡官方咨询邮件地址:wotangka@qq.com(唐卡寄卖·合作咨询·相关学习咨询等)
བདེ་བ་ཅན་དུ་སྐྱེ་བའི་རྒྱུ་བཞི།
极乐四因
དེ་རིང་ནི་ང་ཚོས་ལྷན་དུ་ཞིང་ཁམས་བདེ་བ་ཅན་དུ་སྐྱེ་བའི་རྒྱུ་བཞི་ལ་སློབ་སྦྱོང་བྱ། རྒྱུ་བཞི་འདི་ཡོད་ན་ཞིང་ཁམས་བདེ་བ་ཅན་དུ་སྐྱེ་ཐུབ་པ་ཡིན་ལ་འདི་མེད་ན་རྒྱུ་མ་ཚང་བ་ཡིན་པས་བདེ་ལྷན་ཞིང་དུའང་བགྲོད་དཀའ་བ་ཡིན་ནོ།།
今天我们一起学习往生四因,有了四因才能可以往生极乐世界,如果没有四因就是不具备往生极乐的条件,因此很难往生净土。
དང་པོ་རྟེན་ཚོགས་ཞིང་གསལ་འདེབས་ཟེར་བ་ནི། བདེ་བ་ཅན་གྱི་ཞིང་ཁམས་སེམས་ལ་ཡང་ནས་ཡང་དུ་དྲན་པ་དེ། མགོན་པོ་འོད་དཔག་མེད་དང་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དང་མཐུ་ཆེན་ཐོབ་རྣམས་གཙོ་བོ་བྱས་ནས་ཞིང་ཁམས་དེར་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་སོགས་ཡང་ནས་ཡང་དུ་དྲན་པ་དང་། ཞིང་ཁམས་དེའི་ས་ཅི་འདྲ་ཡིན་པ། རི་དང་ཤིང་ཅི་འདྲ་ཡིན་པ། ཆུ་ཅི་འདྲ་ཡིན་པ་སོགས་སེམས་ལ་ཡང་ནས་ཡང་དུ་དྲན་པ་དེའོ།།
第一明观福田:要极乐净土反复的观想,如阿弥陀佛、观世音菩萨、大势至菩萨为主在净土的一切佛和菩萨反复观想,净土的地是怎么样的?山和木是怎么样的?水是怎么样等都要一一的反复观想。
གཉིས་པ་སྒྲིབ་ནས་ཚོགས་བསགས་པ་ཟེར་བ་ནི། ཡར་དཀོན་མཆོག་ལ་མཆོད་པ་དང་། མར་ངན་སློང་ལ་སྦྱིན་པ་སོགས་ཚོགས་བསགས་ཐབས་ལ་མང་ན་ཡང་། དེ་ཐམས་ཅད་ཀྱི་སྙིང་པོ་བསྒྲུབ་སླ་བ་ཆོད་སྒྲོ་ཆེ་བ་ནི་ཐེག་པ་ཆེན་པོའི་ཚོགས་བསགས་ཡན་ལག་བདུན་པ་ཡིན་པས། བཟང་སྤྱོད་སྨོན་ལམ་ལས། ཕྱག་འཚལ་བ་དང་མཆོད་ཅིང་བཤགས་པ་དང་། རྗེས་སུ་ཡི་རང་བསྐུལ་ཞིང་གསོལ་བ་ཡི།། དགེ་བ་ཅུང་ཟད་བདག་གིས་ཅི་བསགས་པ།། ཐམས་ཅད་བདག་གིས་བྱང་ཆུབ་ཕྱིར་བསྔོའོ།། ཞེས་གསུང་པ་བཞིན་བདུན་གྱིས་ཉམས་སུ་ལེན་ནས་ཚོགས་བསགས་པ་དེའོ།།
第二积资净障:上供三宝,下施贫困众生等有很多资粮福报的方法,但一切福报的核心容易修持并能圆满的是按照大乘佛法的七支供,在普贤行愿品中讲:所有礼赞供养福,请佛住世转法轮,随喜忏悔诸善根,回向众生及佛道。一样用这七支供来修持资粮福报。
གསུམ་པ་གྲོགས་བྱང་ཆུབ་ཏུ་སེམས་བསྐྱེད་པ་ཟེར་བ་ནི། བདེ་བ་ཅན་དུ་སྐྱེ་བ་བྱང་ཆུབ་སེམས་མེད་ན་བདེ་བ་ཅན་དུ་སྐྱེས་ཀྱང་ཉན་ཐོས་སུ་འགྱུར་འགྲོ་བས། ངས་དགེ་བ་ཆུང་གང་བསྒྲུབས་ཀྱང་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་རྒྱུ་འབྲས་གཉིས་དང་བྲལ། བདེ་བ་རྒྱུ་འབྲས་གཉིས་ལྡན་ནས་སེམས་ཅན་ཐམས་ཅད་རྫོགས་པའི་སངས་རྒྱས་འོད་དཔག་མེད་ཀྱི་ཞིང་ཁམས་སུ་སྐྱེ་བའམ་འོད་དཔག་མེད་ཀྱི་གོ་འཕང་བྱེད་ཡིན་སྙམ་པ་དེའོ།།
第三发菩提心:若往生净土不具备菩提心,即便往生净土也会成为声闻。所以自己做任何大小善业都是为了一切众生永离众苦及众苦因,也是为了诸众生永具安乐及安乐因,总之都是为了让一切众生往生极乐净土或成就阿弥陀佛而行善。
བཞི་པ་རྐྱེན་བསྔོ་སྨོན་རྣམ་དག་གི་མཚམས་སྦྱར་ཟེར་བ་ནི། དུས་དང་རྣམ་པ་ཀུན་ཏུ་དགེ་བ་ཆུང་གང་འབྱུང་བྱུང་དགེ་བ་འདིས་རང་གཞན་སེམས་ཅན་ཐམས་ཅད་བྱང་ཕྱོགས་བདེ་བ་ཅན་དུ་སྐྱེ་བར་གྱུར་ཅིག་བསམ་ནས་བསྔོ་བ་དང་དེ་ལྟར་སྨོན་ལམ་འདེབས་པ་སྟེ། དུས་གསུམ་སངས་རྒྱས་རྣམས་ཀྱིས་ཇི་ལྟར་བསྔོ་བ་སྨོན་ལམ་བཏབ་ཡོད་པ་བཞིན་བདག་གིས་ཀྱང་དེ་ལྟར་བསྔོ་བ་སྨོན་ལམ་བཏབ་པ་དེའོ།།
第四发清净缘:无论做了任何大小的善业,恒时都要为了自他所有众生往生净土而回向或誓愿,如三世诸佛怎么回向怎么发愿,自己也要跟他们一样发愿回向。
