萨迦传规·护法总集神饮呈现法

萨迦传规·护法总集神饮呈现法

|“沃唐卡”官网全站导航|

沃唐卡官方告知:由于一些唐卡画师的手机像素偏低,有的唐卡实拍图未必能清晰表达出整幅唐卡的效果,需要订购和了解详情的朋友可联系沃唐卡,告知唐卡编号即可了解该唐卡的细节及相关介绍。

“沃唐卡”官方唐卡(中国唐卡)评估等级/品类标准:

【入门级/精品级--旅游纪念品】--【珍藏级--工艺美术品】--【收藏级与艺术级--收藏艺术品】

|沃唐卡·特定卡目录|←此处目录可参考后咨询定制

|已结缘·可参考定制|←此处唐卡可参考后定制

|待结缘·可恭请唐卡|←此处唐卡可恭请结缘

|可参考·古唐卡唐卡|←沃唐卡古唐卡图册索引

沃唐卡24小时短信咨询热线:13661344269(提供“沃唐卡”唐卡编号可通过短信询价)

沃唐卡微信(wechat)咨询号:MasterQiRu(请朋友们注明来意和需求·收藏级与艺术级唐卡设计定制)

萨迦传规·护法总集神饮呈现法

༄༅། །ཆོས་སྐྱོང་སྤྱིར་གསེར་སྐྱེམས་འབུལ་ཚུལ་བཞུགས་སོ།།

护法总神饮呈献法

འཇམ་མགོན་ཀུན་བློས་གསུངས་པའི་ཆོས་སྐྱོང་སྤྱིར་གསེར་སྐྱེམས་འབུལ་ཚུལ་བདུད་རྩི་བྱིན་རླབས་བཞུགས།

蒋贡根洛所说护法总神饮呈献法-加持甘露

ཨོཾ་ཨ་མྲྀ་ཏ་ཀུཎཌ་ལཱི་ཧཱུྃ་ཕཊ་ཀྱིས་བསང་།

嗡阿摩达根扎乐吽呸,洒净。

ཨོཾ་སྭ་བྷཱ་ཝ་ཤུདྷཿསརྦ་དྷརྨ་སྭ་བྷཱ་ཝ་ཤུདྷོ྅་ཧཾ་གིས་སྦྱངས།

嗡所巴瓦歇达萨瓦达玛所巴瓦歇朵吭净治。

སྟོང་པའི་ངང་ལས་ཡཾ་ལས་རླུང་དང་རཾ་ལས་མེའི་སྟེང་དུ་ཨ་ལས་ཐོད་པའི་ལྟེ་བར་གོ་ཀུ་ད་ཧ་ན་ལས་བ་གླང་ཁྱི་རྟ་གླང་ཆེན་མིའི་ཤ། བི་མུ་ཤཱ་མ་ར་ལས་དྲི་ཆེན་དྲི་ཆུ་བྱང་སེམས་ཀླད་པ་རཀྟ། བྷྲཱུཾ་ཨཱཾ་ཛྲིཾ་ཁཾ་ཧཱུྃ་ལས་

མེ་ལོང་མཉམ་ཉིད་སོར་རྟོག་བྱ་གྲུབ་ཆོས་དབྱིངས་ཡེ་ཤེས། དེའི་སྟེང་ཉི་མ་ལ་གནས་པའི་རྡོ་རྗེ་རྩེ་ལྔར་

ཧཱུཾ་གིས་མཚན་པ་ལས་འོད་འཕྲོས། རླུང་གཡོས། མེ་སྦར། རྫས་ཞུ་བའི་རླངས་པ་ཕོག་པས་རྐྱེན་བྱས་

རྡོ་རྗེའི་ཧཱུྃ་ལས་བདུད་རྩིའི་རྒྱུན་འཛག །ཡང་འོད་འཕྲོས། ཕྱོགས་བཅུ་ནས་གཉིས་མེད་ཀྱི་ཡེ་ཤེས་ བདུད་རྩིའི་རྣམ་པར་སྤྱན་དྲངས། རྡོ་རྗེ་ཧཱུཾ་ཉི་མ་དང་བཅས་པ་གཏོར་རྫས་ཀྱི་བདུད་རྩི་ལ་ཐིམ་པས་ཡེ་ཤེས་ཀྱི་

བདུད་རྩིར་གྱུར།ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿཞེས་པས་བྱིན་གྱིས་བརླབས་ཏེ།

空性之中出央ཡཾ字化风、让རཾ字化火之上,阿ཨ字化托巴之中央,果格达哈纳གོ་ཀུ་ད་ཧ་ན化成牛犬马象人肉,布莫夏玛日阿བི་མུ་ཤཱ་མ་ར化大香、小香、菩提心、拉巴、日阿达,真昂怎康吽བྷྲཱུཾ་ཨཱཾ་ཛྲིཾ་ཁཾ་ཧཱུྃ化大圆镜智、平等性智、妙观察智、成所作智、法界智,其上日轮上所住之五钴金刚杵饰有吽字中放光,风动火燃,诸物融化之蒸汽触动故,所缘金刚杵之吽字中滴下甘露流,又放光,从十方迎请无二智慧以甘露相,金刚杵、吽字及日轮融入朵玛物之甘露中令成智慧甘露,诵嗡啊吽哈吙舍作加持。

ཧཱུཾ།

དག་པ་བདེ་སྟོང་ལྷུན་གྲུབ་གཞལ་ཡས་ནས།།མཆོག་མཐུན་དངོས་གྲུབ་སྩོལ་མཛད་ཡི་དམ་ལྷ།།

清净乐空自成无量殿,

能赐胜共成就本尊天,

ཀྱཻ་རྡོར་ལྷ་དགུ་སྐུ་གསུང་ཐུགས་རྡོ་རྗེའི།།ལྷ་ཚོགས་འཁོར་བཅས་འདིར་བྱོན་གསེར་སྐྱེམས་བཞེས།།

杰朵喜金刚九尊身语意金刚,

天众偕眷临此享神饮;

རང་བཞིན་རྣམ་དག་སྐུ་གསུམ་ཕོ་བྲང་ནས།།བཅོམ་ལྡན་རྡོ་རྗེ་གཞོན་ནུ་ཡབ་ཡུམ་དང་།།

自性清净三身宫殿中,

有坏金刚童子佛父母,

ཁྲོ་བཅུ་ཕྲ་ཐབས་བཀའ་སྡོད་སྲུང་མ་བཅས།།གློག་ལྟར་མྱུར་བས་འདིར་བྱོན་གསེར་སྐྱེམས་བཞེས།།

十怒查坛护教护法俱,如电迅速临此享神饮;

འོག་མིན་མཁའ་སྤྱོད་བདེ་ཆེན་ཕོ་བྲང་ནས།།ལྷན་སྐྱེས་ཞིང་སྐྱེས་རྡོ་རྗེ་རྣལ་འབྱོར་མ།།

密严空行大乐宫殿中,

俱生刹生金刚瑜伽母,

དཔའ་བོ་མཁའ་འགྲོ་རྣལ་འབྱོར་མ་ཡི་ཚོགས།།མ་ལུས་འཁོར་བཅས་འདིར་བྱོན་གསེར་སྐྱེམས་བཞེས།།

勇士空行瑜伽母会众,

无余偕眷临此享神饮;

བཅོམ་ལྡན་འཇམ་དཔལ་ཁྲོས་པའི་དཀྱིལ་འཁོར་ནས།།མ་རུངས་གདུག་པ་གདུལ་ཕྱིར་སྐུ་བཞེངས་པ།།

有坏忿怒文殊坛城中,

调伏凶暴众故起现身,

ཁྲོ་བོའི་རྒྱལ་པོ་དཔལ་ཆེན་གཤིན་རྗེའི་གཤེད།།རྡོ་རྗེ་འཇིགས་བྱེད་འདིར་བྱོན་གསེར་སྐྱེམས་བཞེས།།

忿怒王大吉祥阎魔敌,

金刚作怖临此享神饮;

བྱང་ཕྱོགས་ལྕང་ལོ་ཅན་གྱི་གནས་མཆོག་ནས།།རྒྱལ་ཀུན་མཐུ་སྟོབས་གཅིག་བསྡུས་རྡོ་རྗེ་འཛིན།།

北方杨柳宫之圣地中,

诸佛威力集一金刚持,

གསང་སྔགས་རིག་སྔགས་རྒྱུད་ཀྱི་བདག་པོ་མཆོག།གསང་བདག་འབྱུང་འདུལ་འདིར་བྱོན་གསེར་སྐྱེམས་བཞེས།།

密咒明咒续部之胜主,

密主伏魔临此享神饮;

ལྷོ་ཕྱོགས་ཀུ་རུ་ཀུལླེའི་རི་ཕུག་ནས།།འདོད་དགུ་མཆོག་སྩོལ་སྲིད་གསུམ་དབང་བསྡུས་ལྷ།།

南方古如古列石窟中,

胜赐所求怀摄三界尊,

བཅོམ་ལྡན་རིག་བྱེད་ལྷ་མོ་འཁོར་བཅས་རྣམས།།ཕྲིན་ལས་མྱུར་བས་འདིར་བྱོན་གསེར་སྐྱེམས་བཞེས།།

有坏作明天女偕眷众,

事业迅速临此享神饮;

དཔལ་ལྡན་རྡོ་རྗེ་གདན་གྱི་ཤར་ལྷོའི་མཚམས།།འཇིགས་རུངས་བསིལ་བ་ཚལ་གྱི་དུར་ཁྲོད་ནས།།

具德金刚座之东南隅,

恐怖清凉苑之尸陀林,

འདོད་དགུ་ཆར་འབེབས་མྱུར་མཛད་མགོན་པོ་དཀར།།ཡིད་བཞིན་ནོར་བུ་འདིར་བྱོན་གསེར་སྐྱེམས་བཞེས།།

澍所求雨速行白怙主,

如意宝尊临此享神饮;

འོག་མིན་བདེ་ཆེན་དག་པའི་ཕོ་བྲང་ནས།།རྣམ་སྣང་ཐུགས་ལས་སྤྲུལ་པའི་མཐུ་བོ་ཆེ།།

密严大乐清净宫殿中,

毗卢佛意化身大力尊,

བསྟན་སྲུང་ཀུན་གྱི་གཙོ་བོ་རྡོ་རྗེ་གུར།།དཔལ་ལྡན་མགོན་པོ་འདིར་བྱོན་གསེར་སྐྱེམས་བཞེས།།

一切护法主尊金刚帐,

具德怙主临此享神饮;

ཡོངས་འདུའི་ཚལ་དང་གཤིན་རྗེའི་ཕོ་བྲང་དང་།།འཛམ་གླིང་དེ་ཝཱི་ཀོ་ཊའི་གནས་མཆོག་ནས།།

普聚苑与阎摩宫殿及,

瞻洲叠沃果哲圣地中,

འདོད་ཁམས་གཙོ་མོ་ནམ་གྲུ་རེ་མ་ཏི།།དཔལ་ལྡན་ལྷ་མོ་འདིར་བྱོན་གསེར་སྐྱེམས་བཞེས།།

欲界主母楠哲瑞玛德,

吉祥天母临此享神饮;

སྣང་སྲིད་བྷ་ག་དབྱིངས་ཀྱི་དཀྱིལ་འཁོར་ནས།།འཁོར་འདས་ཀུན་གྱི་བདག་མོ་དབྱིངས་ཕྱུག་ཡུམ།།

现有巴嘎界之坛城中,

轮涅一切主母界自在,

སྔགས་སྲུང་དྲག་མོ་མ་མོ་མཁའ་འགྲོའི་ཚོགས།།ཡུམ་ཆེན་རལ་གཅིག་འདིར་བྱོན་གསེར་སྐྱེམས་བཞེས།།

护咒猛母玛摩空行众,

一髻大母临此享神饮;

བསིལ་བའི་ཚལ་དང་ཧ་ཧ་རྒོད་པ་དང་།།སིངྒ་ལ་དང་ཏི་སེ་གངས་རི་དང་།།

清凉苑及哈哈狂笑林,

斯里兰卡冈底斯雪山,

དར་ལུང་གནས་དང་ཁའུ་བྲག་རྫོང་ནས།།ཞིང་སྐྱོང་དབང་པོ་འདིར་བྱོན་གསེར་སྐྱེམས་བཞེས།།

达龙处及喀额扎宗中,

护刹之主临此享神饮;

བྱང་ཤར་མ་རུ་རྩེ་ཡི་དུར་ཁྱོད་དང་།།རྒྱ་གར་བང་སོ་དམར་པོའི་བྲག་རི་དང་།།

东北玛热泽之尸陀林,

印度旺索红色崖山及,

དར་ལུང་བྲག་ཧྲཾ་ལ་སོགས་གནས་མཆོག་ནས།།གནོད་སྦྱིན་ལྕམ་དྲལ་འདིར་བྱོན་གསེར་སྐྱེམས་བཞེས།།

达龙扎尚等诸圣地中,

药叉兄妹临此享神饮;

དབང་ལྡན་མུ་ལི་དིང་གི་ཆུ་གཏེར་དབུས།།མ་མོ་མཁའ་འགྲོ་འདུ་བའི་ཕོ་བྲང་ནས།།

旺丹莫勒顶之海中央,

玛摩空行会聚宫殿中,

དབྱངས་ཅན་ཁྲོས་པའི་རྣམ་འགྱུར་རེ་མ་ཏི།།དམག་ཟོར་རྒྱལ་མོ་འདིར་བྱོན་གསེར་སྐྱེམས་བཞེས།།

妙音天女怒相瑞玛德,

退敌胜母临此享神饮;

ནུབ་ཕྱོགས་ཨོ་རྒྱན་མཁའ་འགྲོའི་ཕོ་བྲང་ནས།།སྒྲུབ་ལ་བར་དུ་གཅོད་པའི་དགྲ་བགེགས་སྒྲོལ།།

西方邬金空行宫殿中,

诛度障碍修持之敌魔,

ཅི་འདོད་དངོས་གྲུབ་ཆར་འབེབས་ནོར་གྱི་བདག།གནས་སྲུང་ཡབ་ཡུམ་འདིར་བྱོན་གསེར་སྐྱེམས་བཞེས།།

澍降所求成就雨财神,

护处父母临此享神饮;

དུར་ཁྲོད་བརྒྱད་དང་ལྷོ་ཕྱོགས་རི་སུལ་དང་།།རྡོ་རྗེ་གདན་དང་དཔལ་གྱི་བསམ་ཡས་དང་།།

八寒林与南方山坞及,

金刚座及吉祥桑耶寺,

ན་ལེ་རྩེ་དང་དཔལ་ལྡན་ས་སྐྱ་ནས།།ལས་མགོན་ཕོ་མོ་འདིར་བྱོན་གསེར་སྐྱེམས་བཞེས།།

纳林则寺吉祥萨迦寺,

事业怙主父母临此享神饮;

གྲོམ་སྟོད་ས་སྐྱའི་བླ་བྲང་ཉི་ཟླ་ཕུག།དཔལ་ཆེན་ཕོ་བྲང་ཕུ་རུ་གླང་བྲག་སོགས།།

准朵萨迦拉章日月洞,

大祥宫殿颇热朗扎等,

འཕགས་བོད་ཡང་ཕུར་གྲུབ་པའི་གནས་མཆོག་ནས།།དཀར་བདུད་ཕུར་སྲུང་འདིར་བྱོན་གསེར་སྐྱེམས་བཞེས།།

印藏央颇成就圣地中,

白魔橛护临此享神饮;

འཕགས་ཡུལ་དུར་ཁྲོད་ཆེན་པོ་མེ་འབར་དང་།།ཨོ་ཌི་ཡ་ན་བྱང་ཕྱོགས་ཤམྦྷ་ལ།།

印度火燃大尸陀林及,

邬仗那及北方香巴拉,

བོད་ཀྱི་ཟན་ཡངས་སྤྲུལ་པའི་གཙུག་ལག་ནས།།རྩིའུ་དམར་འཁོར་བཅས་འདིར་བྱོན་གསེར་སྐྱེམས་བཞེས།།

藏地三样印藏汉幻化经堂中,

紫玛偕眷临此享神饮;

བསྟན་པའི་མངའ་བདག་པྲཛྙ་བཛྲ་ཡི།།བསྟན་པ་རིན་ཆེན་ཀུན་ཏུ་རྒྱས་པ་དང་།།

教法之主旃嘉班匝之,

教法珍宝普皆令兴盛,

བསྟན་འཛིན་བུ་ལྟར་སྐྱོང་མཛད་ཁས་བླངས་པའི།།དགེ་བ་བཀྲ་ཤིས་འདིར་བྱོན་གསེར་སྐྱེམས་བཞེས།།

持教如子护佑作承诺,

给卫札西临此享神饮;

རི་རབ་བྱང་ཕྱོགས་རིན་ཆེན་གཞལ་ཡས་ནས།།ས་བརྒྱད་དབང་ཕྱུག་གནོད་སྦྱིན་ཚོགས་ཀྱི་རྗེ།།

须弥北方珍宝无量殿,

八地自在药叉会众王,

དངོས་གྲུབ་འདོད་དགུའི་ཆར་ཆེན་འབེབས་མཛད་པའི།།རྒྱལ་ཆེན་རྣམ་སྲས་འདིར་བྱོན་གསེར་སྐྱེམས་བཞེས།།

能降成就所求大雨者,

多闻天王临此享神饮;

ཕྱོགས་བཅུའི་འཇིག་རྟེན་རང་རང་གནས་རྣམས་ནས།།བརྒྱ་བྱིན་མེ་ལྷ་གཤིན་རྗེ་སྲིན་པོ་དང་།།

十方世界各各诸处中,

帝释火神阎摩及罗刹,

ཆུ་ལྷ་རླུང་ལྷ་གནོད་སྦྱིན་དབང་ལྡན་དང་།།ཚངས་སོགས་ཕྱོགས་སྐྱོང་འདིར་བྱོན་གསེར་སྐྱེམས་བཞེས།།

水神风神药叉及具权,

梵等护方临此享神饮;

ལྷོ་ཕྱོགས་རིམ་པ་བདུན་གྱི་ས་འོག་ནས།།འཇམ་དཔལ་གཤིན་རྗེའི་གཤེད་ཀྱི་བཀའ་ཉན་པ།།

居于南方七层之地下,

文殊阎魔敌尊之护法,

འཆི་བདག་དབང་ཕྱུག་དམ་ཅན་ཆོས་ཀྱི་རྒྱལ།།ལས་གཤིན་ཡབ་ཡུམ་འདིར་བྱོན་གསེར་སྐྱེམས་བཞེས།།

死主自在具誓法王尊,

事业阎摩父母临此享神饮;

སོ་གཉིས་ཡུལ་དང་ཉི་ཤུ་རྩ་བཞིའི་གནས།།དུར་ཁྲོད་ཆེན་པོ་བརྒྱད་ན་ལེགས་བཞུགས་པའི།།

卅二境以及二十四处,

八大尸陀林中善住之,

བསམ་གྱི་མི་ཁྱབ་དཔའ་བོ་རྣལ་འབྱོར་མ།།མ་ལུས་འཁོར་བཅས་འདིར་བྱོན་གསེར་སྐྱེམས་བཞེས།།

不可思议勇士瑜伽母,

无余偕眷临此享神饮;

གཞན་ཡང་རང་རང་གར་བཞུགས་གནས་མཆོག་ནས།།འཛམ་གླིང་གཞི་བདག་སྤྱི་དང་ཁྱད་པར་དུ།།

此外各各所住圣地中,

瞻洲地神共同及不共,

བོད་སྐྱོང་བརྟན་མ་ཡང་དགོས་ས་ཕྱོགས་འདིའི།།ཡུལ་ལྷ་གཞི་བདག་འདིར་བྱོན་གསེར་སྐྱེམས་བཞེས།།

护藏地母尤需此地之,

境神地神临此享神饮;

གསོལ་ལོ་མཆོད་དོ་རྒྱལ་བའི་བསྟན་སྲུང་ཚོགས།།སྒྲུབ་པོ་བསྟེན་ནོ་བླ་མའི་བཀའ་སྲུང་ཆེ།།

祈祷供养佛教护法众,

行者依止上师大护法,

འབོད་དོ་བསྐུལ་ལོ་རྣལ་འབྱོར་དགྲ་ལྷ་མཆོག།རིངས་པའི་ཚུལ་གྱིས་འདིར་བྱོན་གསེར་སྐྱེམས་བཞེས།།

召唤劝请瑜伽胜战神,

以迅速相临此享神饮;

ཤ་ཁྲག་དམར་གྱིས་བརྒྱན་པའི་གཏོར་མས་མཆོད།།ཛ་གད་སྨན་ཕུད་རཀྟའི་བཏུང་བས་མཆོད།།

供以红血肉严饰朵玛,

供以匝噶药新日阿达饮,

རྔ་ཆེན་རྐང་གླིང་རོལ་མོའི་སྒྲ་ཡིས་མཆོད།།དར་ནག་འཕན་ཆེན་སྤྲིན་ལྟར་གཏིབ་པས་མཆོད།།

供以大鼓骨号奏乐音,

供以黑绸大幡如云罩,

ཡིད་འཕྲོག་སྤྱན་གཟིགས་ནམ་མཁའ་མཉམ་པར་མཆོད།།རབ་བརྗིད་སྙན་པའི་དབྱངས་ཀྱི་ང་རོས་མཆོད།།

供以夺意供品等虚空,

供以威严悦耳音吼声,

ཕྱི་ནང་གསང་བའི་མཆོད་སྤྲིན་རྒྱ་མཚོས་མཆོད།།བདེ་སྟོང་དབྱེར་མེད་ཡེ་ཤེས་རོལ་པས་མཆོད།།

供以外内密之供云海,

供以乐空无别智庄严,

ཁྱེད་རྣམས་བདག་གི་ཕྲིན་ལས་ཞུ་བ་ནི།།སངས་རྒྱས་བསྟན་པ་གཉེན་པོ་ཁྱེད་ཀྱིས་སྲུངས།།

劝请汝等成我事业为:

佛陀教法对治汝来护,

དཀོན་མཆོག་དབུ་འཕང་གཉེན་པོ་ཁྱོད་ཀྱིས་བསྟོད།།དཔལ་ལྡན་བླ་མའི་ཕྲིན་ལས་ཁྱོད་ཀྱིས་སྤེལ།།

三宝威望对治汝来赞,

具德上师事业汝增盛,

རྣལ་འབྱོར་བཅོལ་བའི་འདོད་དོན་ཁྱོད་ཀྱིས་སྒྲུབས།།སྲིད་ཞིའི་དཔལ་འབྱོར་མ་ལུས་འབྱུང་བའི་གཞི།།

瑜伽所托愿求汝成办,

一切有寂祥富之源泉,

ཐུབ་པའི་བསྟན་པ་ཡུན་རིང་གནས་པ་དང་།།དེ་འཛིན་བྱེད་པའི་སྐྱེས་བུ་དམ་པ་རྣམས།།

佛陀教法请令常住世,

一切持教士夫正士众,

དཔལ་འབྱོར་གྱིས་བརྒྱན་ཡུན་རིང་ཞབས་བརྟན་མཛོད།།ཁྱད་པར་རྣལ་འབྱོར་བདག་ཅག་དཔོན་སློབ་རྣམས།།

祥富庄严请令常住世,

尤其我等瑜伽师徒众,

ཚེ་རིང་ནད་མེད་བདེ་སྐྱིད་ཕུན་སུམ་ཚོགས།།བསམ་པའི་དོན་རྣམས་ཆོས་བཞིན་འགྲུབ་པ་དང་།།

长寿无病悦乐悉圆满,

所愿诸事如法而成办,

འགྲོ་བའི་དོན་ལ་མཐུ་དང་ལྡན་པར་མཛོད།།དཔལ་མགོན་མ་ཧཱ་ཀཱ་ལའི་གཟི་བརྗིད་དང་།།

令于利益众生具威力,

祥怙玛哈嘎拉之威光,

ལྷ་ཆེན་ནག་པོ་གདོང་བཞིའི་མཐུ་རྩལ་དང་།།ལས་མགོན་ཕོ་ཉ་རྣམས་ཀྱི་ཕྲིན་ལས་ཀྱིས།།

四面黑色大天之威力,

事业怙主使者众事业,

གནས་མཆོག་འདིར་ཡང་བཀྲ་ཤིས་དེང་འདིར་སྩོལ།།

于此圣地今亦赐吉祥。

(0)
上一篇 4天前
下一篇 4天前

相关推荐

唐卡预定·唐卡定制·唐卡设计·唐卡艺术品投资可联系微信(wechat)号:MasterQiRu