沃唐卡官方告知:由于一些唐卡画师的手机像素偏低,有的唐卡实拍图未必能清晰表达出整幅唐卡的效果,需要订购和了解详情的朋友可联系沃唐卡,告知唐卡编号即可了解该唐卡的细节及相关介绍。
“沃唐卡”官方唐卡(中国唐卡)评估等级/品类标准:
【入门级/精品级--旅游纪念品】--【珍藏级--工艺美术品】--【收藏级与艺术级--收藏艺术品】
沃唐卡24小时短信咨询热线:13661344269(沃唐卡物流部客服与提供“沃唐卡”唐卡编号可通过短信询价)
沃唐卡微信(wechat)咨询号:MasterQiRu(请朋友们注明来意和需求·收藏级与艺术级唐卡设计定制)
沃唐卡官方咨询邮件地址:wotangka@qq.com(唐卡寄卖·合作咨询·相关学习咨询等)
雍仲本教的大白伞盖佛母
བོན་གྱི་གདུགས་དཀར་མོའི་ངོ་སྤྲོད་བསྡུས་པ།
在雅仲本教中,大白伞盖佛母(藏文名“杜甘姆”,象雄文名“布扎阿甘”)是极为重要的本尊佛母,被视为诸佛事业的化身,具有强大的护佑与转化力量。以下是其核心信息:
1、来源与传承
据苯教修法仪轨记载,大白伞盖佛母的传承源于幸饶弥沃如来(苯教祖师)。为利益众生,幸饶弥沃如来入定,从顶髻中化现大白伞盖佛母,以应对未来佛法末法时期众生面临的灾难、诅咒、疾病等困境。此传承自公元前16000年左右在象雄地区传播,后传入吐蕃,历经苯教历代祖师守护,传承至今。
2、形象特征
寂静相:一面二臂三目,金刚跏趺而坐,右手结施无畏印,左手持白伞盖,身色洁白,全身严饰璎珞,面容慈祥。
愤怒相:常见千手千眼形象,身色洁白,千首重叠五十层,每层十面,共千面,每面具三目;千手持日月、弓箭、宝剑、莲花等法器,右足踩五百怖畏,左足踩五百妖魔,象征降伏一切障碍与邪魔。
3、功德与作用
苯教认为,修持大白伞盖佛母法门具有无量功德:
息灾除障:能化解诅咒、邪咒、疾病、灾难等逆缘,消除非时死亡之灾、四大元素之灾等。
护佑众生:庇护众生免受妖魔、鬼神、怨敌侵害,守护生命安全与身心健康。
转运增福:助众生增长福寿、财富、智慧,实现求子、求财、事业顺遂等愿望,转化逆缘为顺缘。
回遮之力:上能回遮三宝、本尊责罚,中能回遮父续、母续诅咒,下能回遮鬼神、外道诅咒,被誉为“回遮之王”。
4、修持方法
苯教信众通过诵持大白伞盖佛母心咒(如“嗡卓德布噶思达哲嘛哈扎当亚格让匝耶吽”)、供养佛像、绘制咒轮等方式修持,强调以虔诚心、恒心持诵,结合身口意三业供养,以获佛母护佑与加持。大白伞盖佛母在苯教中被视为众生的护佑者与转化者,其信仰融合了苯教的宇宙观、修行观与对众生苦难的慈悲关怀,是苯教修行与文化的重要象征。
གཡུང་དྲུང་བོན་གྱི་ཆོས་ལུགས་སུ་གདུགས་དཀར་མོ་མཆོག་ལ(བོད་སྐད་དུ་གདུགས་དཀར་མོ་དང་། ཞང་ཞུང་སྐད་དུ་བཱི་ཏྲ་ཨ་དཀར་སངས་ཏྲི་ཡ་) ནི་ཤིན་ཏུ་གལ་ཆེ་བའི་ཡི་དམ་མམ་མ་མཆོག་ཅིག་ཡིན་ཞིང་། སངས་རྒྱས་ཀྱིས་འགྲོ་བའི་ལས་དོན་གྱི་ཆེད་དུ་སྤྲུལ་པ་ཡིན་པས་མགོན་སྐྱབས་ཀྱི་ནུས་མཐུ་དང་འཕོ་འགྱུར་གྱི་སྟོབས་ཤུགས་ཆེན་པོ་ལྡན་ཡོད།
གཤམ་གསལ་ནི་དེའི་ལྟེ་བའི་ཡིག་ཆ་རྣམ་སྟེ།
1、འབྱུང་ཁུངས་དང་རྒྱུན་འཛིན་གྱི་ངོ་སྤྲོད།
གཡུང་དྲུང་བོན་གྱི་སྒྲུབ་པའི་ཆོ་གའི་ནང་དུ་བཀོད་པ་ལྟར་ན། གདུགས་དཀར་མོའི་རྒྱུད་འཛིན་ནི་འབྱུང་ཁུངས་ནི་བོན་གྱི་མེས་པོ་རྒྱལ་བ་གཤེན་རབ་མི་བོ་ལས་བྱུང་བ་ཡིན། འགྲོ་བ་ཀུན་ལ་ཕན་ཐོགས་པའི་ཆེད་དུ་དེ་བཞིན་གཤེགས་པའམ་རྒྱལ་བ་གཤེན་རབ་མི་བོའི་བྱམས་བརྩེའི་ཏིང་ངེ་འཛིན་ལ་བཞུགས་དུས། གཙུག་ཏོར་ནས་གདུགས་དཀར་ཆེན་མོའམ་རྒྱལ་བའི་ཡུམ་ཆེན་མོ་མངོན་པར་སྤྲུལ་ཏེ། མ་འོངས་པའི་དུས་མཇུག་གི་སྐབས་སུ་འགྲོ་བ་ཀུན་ལ་འཕྲད་པའི་གནོད་འཚེ་དང་དམོད་མོ་ནད་རིགས་སོགས་ཀྱི་དཀའ་ངལ་སོགས་ཀྱི་གདོང་གཏུགས་ལས་ཐར་དགོས་པ་དང་། རྒྱུད་འཛིན་བྱེད་ལུགས་ནི་སྤྱི་ལོའི་སྔོན་གྱི་16000ཡས་མས་སུ་ཞང་ཞུང་ས་ཁུལ་ནས་དར་བ་དང་། རྗེས་སུ་བོད་པའི་ཡུལ་དུ་དར་ཞིང་། བོན་གྱི་མེས་པོ་རིམ་བྱུང་གིས་སྲུང་སྐྱབས་བྱས་ནས་ད་ལྟའི་བར་དུ་རྒྱུན་འཛིན་བྱས་ཡོད།
2、གཟུགས་བརྙན་གྱི་ཁྱད་ཆོས་སམ་རྣམ་པ།
ཞི་གནས་ཀྱི་རྣམ་པ། ཞལ་གཅིག་ཕྱག་གཉིས་སྤྱན་གསུམདང་ལྡན་པ། ཕྱག་གཡས་པས་འཇིགས་པ་མེད་པའི་ཕྱག་རྒྱ་བསྒྲིགས། ཕྱག་གཡོན་པས་གདུགས་དཀར་གྱི་དབུ་གདུགས་བཟུང་ཞིང་། སྐུ་མདོག་དཀར་པོ། སྐུ་ཡོངས་སུ་དར་གོས་ཀྱིས་བརྒྱན་པ། བྱམས་བརྩེའི་རྣམ་པ། ཁྲོ་བའི་རྣམ་པ་ཅན་ནི། རྒྱུན་དུ་ཕྱག་སྟོང་མིག་སྟོང་གི་གཟུགས་བརྙན་མཐོང་ཞིང་། ལུས་མདོག་དཀར་པོ། མགོ་སྟོང་རིམ་བརྩེགས་ལྔ་བཅུ་དང་། རིམ་པ་རེར་ངོས་བཅུ་དང་། ཁྱོན་བསྡོམས་ངོས་སྟོང་དང་། ཞལ་རེར་སྤྱན་གསུམ་ལྡན་པ་དང་། ཕྱག་སྟོང་གིས་ཉི་ཟླ་དང་མདའ་གཞུ་རལ་གྲི་པདྨ་སོགས་ཀྱི་ཕྱག་མཚན་ཡོ་བྱད་བསྣམས་ཏེ་ཞབས་གཡས་པས་འཇིགས་སྣང་ལྔ་བརྒྱ་དང་ཞབས་གཡོན་པས་བདུད་ལྔ་བརྒྱ་རྡེབ་པས་བར་ཆད་དང་བདུད་ཐམས་ཅད་འདུལ་བ་མཚོན།
༣ ཡོན་ཏན་དང་ནུས་མཐུ།
གཡུང་དྲུང་བོན་ལུགས་ཀྱི་ཆོས་ལུགས་པ་དག་གིས་རྒྱལ་བའི་ཡུམ་མཆོག་གདུགས་དཀར་མོའི་ཆོས་སྒོ་སྒྲུབ་པར་ཡོན་ཏན་དཔག་མེད་ཡོད་པར་ངོས་འཛིན་བྱས་ཡོད།
གནོད་འཚེ་སེལ་བ། ངན་སྔགས་དང་། སྡུག་སྔགས་དང་། ནད་རིགས་དང་གནོད་འཚེ་སོགས་ལས་དབང་ངན་པ་སེལ་ཐུབ་པ་དང་། དུས་མིན་འཆི་བའི་གནོད་འཚེ་དང་གཞི་རྒྱུ་ཆེན་པོ་བཞི་ཡི་གནོད་འཚེ་སོགས་ཟློག་ཐུབ།
སེམས་ཅན་སྐྱབས་པ་དང་། སེམས་ཅན་ལ་གདོན་འདྲེའི་གནོད་པ། ལྷ་འདྲེའི་གནོད་པ། དགྲ་བོ་བཅས་ཀྱི་གནོད་འཚེ་མི་ཐེགས་པ་དང་། ཚེ་སྲོག་བདེ་འཇགས་དང་ལུས་སེམས་བདེ་ཐང་སྲུང་སྐྱོང་བྱས་ཡོད།
བརྒྱུད་འདྲེན་བསོད་ནམས་འཕེལ་བ། འགྲོ་བ་རྣམས་ལ་ཚེ་སྲོག་དང་། རྒྱུ་ནོར། བློ་གྲོས་དང་ཤེས་རབ་བཅས་འཕེལ་བར་རོགས་རམ་བྱས་ཏེ། བུ་དང་རྒྱུ་ནོར་འཚོལ་བ། བྱ་གཞག་ལེགས་འགྲུབ་ཡོང་བ་སོགས་ཀྱི་རེ་བ་མངོན་འགྱུར་བྱས་ཏེ། ལས་ངན་གྱི་ལས་དབང་དག་བསྒྱུར་ཡོད།
ཕྱིར་ཟློག་པའི་ནུས་པ། སྟེང་གི་དཀོན་མཆོག་གསུམ་དང་ཡི་དམ་གྱི་ཆད་པ་ཕྱིར་བཀབ་ཐུབ་པ་དང་། བར་དུ་ཡབ་རྒྱུད་དང་ཡུམ་རྒྱུད་ཀྱི་དམོད་མོའམ་ངན་སྔགས་ཕྱིར་བཀབ་ཐུབ་པ། འོག་ཏུ་ལྷ་འདྲེ་དང་ཕྱི་རོལ་གྱི་དམོད་མོ་ཕྱིར་བཀབ་ཐུབ་པས་ཕྱིར་བཀབ་པའི་རྒྱལ་པོའམ་ཕྱིར་ཟློག་པ་ཆེ་མོ་ཞེས་ཀྱང་བརྗོད།
༤ འདི་ཉིད་སྒྲུབ་པའི་ཐབས་ནི།
བོན་གྱི་དད་ལྡན་རྣམས་ཀྱིས་དེ་བཞིན་གཤེགས་པའི་གཙུག་ཏོར་ལས་བྱུང་བའི་གདུགས་དཀར་མོའམ་ཕྱིར་ཟློག་པ་ཆེན་མོ་ཡུམ་གྱི་སྔགས་ནི་ ཨཱོྃ་ཀྲོ་དྷི་བི་ཀ་སི་ཏ་ཧྲི་མ་ཧ་པྲ་ཏཾ་ཡ་གི་ཡ་ཛ་ཡེ་ཧཱུྃ། ཞེས་བྱ་བ་བཟུང་སྟེ་སྐུ་བརྙན་ལ་མཆོད་པ་དང་སྔགས་ཀྱི་འཁོར་ལོ་འབྲི་བ་སོགས་ཀྱི་སྒོ་ནས་དད་པ་དང་སྙིང་རུས་ཀྱི་སྒྲོ་སྒྲུབ་པ་བཟུང་སྟེ་ལུས་ངག་ཡིད་གསུམ་ཟུང་འབྲེལ་གྱིས་མཆོད་པ་བྱས་ཏེ་ཡུམ་གྱི་མགོན་སྐྱབས་དང་བྱིན་རླབས་སོགས་ཐོབ་པར་བྱེད་དགོས། རྒྱལ་བའི་ཡུམ་གྱི་གདུགས་དཀར་མོ་ནི་བོན་གྱི་ཆོས་ལུགས་ཁྲོད་འགྲོ་བ་ཀུན་གྱི་སྐྱབས་མགོན་དང་འཕོ་འགྱུར་བྱེད་མཁན་དུ་བརྩི་བཞིན་ཡོད། དེའི་དད་མོས་ནི་བོན་གྱི་འཇིག་རྟེན་ལྟ་བ་དང་། སྒོམ་སྒྲུབ་ཀྱི་ལྟ་བ། འགྲོ་བ་ཀུན་གྱི་སྡུག་བསྔལ་ལ་ཐུགས་ཁུར་བྱེད་པ་བཅས་དང་འདྲེས་ཡོད་པས། དེ་ནི་བོན་གྱི་སྒོམ་སྒྲུབ་དང་རིག་གནས་ཀྱི་མཚོན་རྟགས་གལ་ཆེན་ཞིག་ཡིན།
(由次城翁秀摘录)
ཚུལ་ཁྲིམས་དབང་ཕྱུག་གིས་ཡི་གེར་ཕབས།
