雍仲本教:大圆满的来源简介

雍仲本教:大圆满的来源简介

|“沃唐卡”官网全站导航|

沃唐卡官方告知:由于一些唐卡画师的手机像素偏低,有的唐卡实拍图未必能清晰表达出整幅唐卡的效果,需要订购和了解详情的朋友可联系沃唐卡,告知唐卡编号即可了解该唐卡的细节及相关介绍。

“沃唐卡”官方唐卡(中国唐卡)评估等级/品类标准:

【入门级/精品级--旅游纪念品】--【珍藏级--工艺美术品】--【收藏级与艺术级--收藏艺术品】

|沃唐卡·特定卡目录|←此处目录可参考后咨询定制

|已结缘·可参考定制|←此处唐卡可参考后定制

|待结缘·可恭请唐卡|←此处唐卡可恭请结缘

|可参考·古唐卡唐卡|←沃唐卡古唐卡图册索引

|沃唐卡·图库目录|←沃唐卡图库目录字典下载

沃唐卡24小时短信咨询热线:13661344269(沃唐卡物流部客服与提供“沃唐卡”唐卡编号可通过短信询价)

沃唐卡微信(wechat)咨询号:MasterQiRu(请朋友们注明来意和需求·收藏级与艺术级唐卡设计定制)

沃唐卡官方咨询邮件地址:wotangka@qq.com(唐卡寄卖·合作咨询·相关学习咨询等)

རྫོགས་པ་ཆེན་པོའི་འབྱུང་ཁུངས་ངོ་སྤྲོད་བསྡུས་པ། 雍仲本教:大圆满的来源简介

雍仲本教大圆满的来源简介。

གཡུང་དྲུང་བོན་གྱི་རྫོགས་པ་ཆེན་པོའི་ངོ་སྤྲོད་མདོར་བསྡུས།

雍仲本教大圆满的来源简介。

雍仲本教大圆满的来源可追溯至本初佛普贤王如来,其传承历经多个阶段,以下是关键信息梳理:

1、起源与核心教义

雍仲本教大圆满(藏语“佐巴钦布”)是该教派的核心教法,强调心性本自圆满,众生本具解脱智慧。其思想源于本初佛普贤王如来,认为一切众生心性本净,不生不灭,通过修行可证悟此本性,达到究竟解脱。

2、传承脉络

大圆满传承从普贤王如来依次传至幸拉沃嘎(白光佛)等九位如来意传上师,再由拉幸·雍斯达巴等二十位虹化大师延续,后经象雄六大成就者等传承,形成四大法脉。这一传承以口耳相传为主,后逐渐形成文字记载。

3、历史发展

公元前16017年,敦巴·幸饶弥沃切创立雍仲本教,初转法轮包含九乘次第,大圆满属最高一乘。

公元10世纪后,本教经历复兴,幸、杰、玛、耶等伏藏师发掘经典,推动大圆满教法传播。

近代,曼日堪布等夏匝巴大师传承上师将大圆满教法传遍青藏高原,第33代曼日法王隆夺·旦贝尼玛等延续法脉至今。

4、与其他教派的关系

雍仲本教大圆满与藏传佛教宁玛派的大圆满法同名,但起源和传承独立。宁玛派大圆满受莲花生大士影响,而本教大圆满源自古象雄本土传统,两者虽有相似概念,但教义体系和传承脉络不同。综上,雍仲本教大圆满是该教派的核心教法,起源可追溯至本初佛,历经千年传承,形成了独特的修行体系和文化内涵。

གཡུང་དྲུང་བོན་གྱི་རྫོགས་པ་ཆེན་པོའི་འབྱུང་ཁུངས་ངོ་སྤྲོད།

གཡུང་དྲུང་བོན་གྱི་ཡང་སྙིང་རྫོགས་པ་ཆེན་པོའི་འབྱུང་ཁུངས་ནི་ཡེ་ཉིད་ཀྱི་སྟོན་པ་ཀུན་ཏུ་བཟང་པོ་ལ་གཏུགས་ཆོག་པ་དང་། དེའི་རྒྱུད་འཛིན་དང་དུས་ཀྱི་རིམ་པ་མང་པོར་བརྒྱུད་ཡོད་པས། གཤམ་གསལ་ནི་དེ་དང་འབྲེལ་ཡོད་ཀྱི་ཡིག་ཆ་འགའ་གསེད་བཀྲོལ་བྱེད་པ་འདི་ལྟར།

༡ འབྱུང་ཁུངས་དང་དེའི་ལྟེ་བའི་ཆོས་ལུགས།

གཡུང་དྲུང་བོན་ལུགས་ཀྱི་རྫོགས་པ་ཆེན་པོ་ནི་བོན་གྱི་གྲུབ་མཐའི་སྲོག་ཤིང་ངམ་ཡང་སྙིང་གི་ཆོས་ལུགས་ཤིག་ཡིན་ཞིང་། སེམས་ཅན་རྒྱུད་ཀྱི་སེམས་ཉིད་ནི་མ་གཞི་ནས་ཡོངས་སུ་རྫོགས་པ་ཞིག་ཡིན་པས། སེམས་ཅན་གྱི་རྒྱུད་ལ་ཐར་པ་ཐོབ་བྱེད་ཀྱི་ཡེ་ཤེས་སམ་ཤེས་རབ་དེ་ཡེ་ནས་ལྡན་པ་ནན་བཤད་བྱས་ཡོད། ཐོག་མའི་སངས་རྒྱས་སམ་ཡེ་ཉིད་ཀྱི་སྟོན་པ་ཀུན་ཏུ་བཟང་པོ་ནི་སེམས་ཅན་རྒྱུད་ཀྱི་སེམས་ཀྱི་རང་གཤིས་གཙང་མ་ཡིན་པ་དེ་ཉིད་སྐྱེ་འགག་བྲལ་བའི་སྒོ་ནས་སྒོམ་སྒྲུབ་ཀྱི་ཐབས་ལ་བརྒྱུད་དེ་སེམས་ཀྱི་རང་གཤིས་འདི་རྟོགས་ཐུབ་པར་བྱས་པས། མཐར་སངས་རྒྱས་ཀྱི་ས་ལ་སླེབས་ཐུབ་པར་འདོད།

༢ རྒྱུད་འཛིན་གྱི་རྩ་བ།

རྫོགས་པ་ཆེན་པོའི་རྒྱུད་རིམ་ནི་ཐོག་མར་བོན་སྐུ་ཀུན་ཏུ་བཟང་པོ་ནས་རྫོགས་སྐུ་གཤེན་ལྷ་འོད་དཀར་ལ་སོགས་རྫོགས་ཆེན་སྟོན་པ་དགུ་ལ་བརྒྱུད་པ་དང་། དེ་ནས་ལྷ་གཤེན་ཡོངས་སུ་དག་པ་སོགས་འཇའ་ལུས་འཕོ་ཆེན་ཉི་ཤུ་ཡིས་རྒྱུན་མཐུད་བྱས་པ་དང་། དེའི་རྗེས་སུ་ཞང་ཞུང་གྲུབ་ཆེན་དྲུག་སོགས་ཀྱི་རྒྱུད་འཛིན་བྱས་ཏེ་ཆོས་རྩ་ཆེན་པོ་བཞིར་གྲུབ། རྒྱུད་པ་དེའི་ནང་གི་གཅིག་དེ་སྙན་ལམ་ནས་བརྒྱུད་སྤྲོད་བྱེད་པ་གཙོ་བོ་ཡིན་པ་དང་། རྗེས་སུ་རིམ་བཞིན་ཡི་གེར་ཕབས་འགོད་བྱས་ཡོད།

༣ ལོ་རྒྱུས་ཀྱི་འཕེལ་རྒྱས།

·སྤྱི་ལོའི་སྔོན་༡༦༠༡༧ལོར་སྟོན་པ་གཤེན་རབ་མི་བོ་ཆེས་གཡུང་དྲུང་བོན་གྱི་བསྟན་པ་འདི་འགོ་བཙུགས་ཏེ། བཀའ་འཁོར་དུ་མ་བསྐོར་ཡང་བཀའ་འཁོར་དེ་དག་ནི་བོན་ཐེག་པ་རིམ་དགུ་ལ་མ་འདུས་པ་མེད། དེའི་ནང་གི་རྫོགས་པ་ཆེན་པོ་ནི་ཐེག་དགུའི་ཡང་རྩེའི་ཁོངས་སུ་གཏོགས།

·སྤྱི་ལོ་དུས་རབས་བཅུ་པའི་རྗེས་སུ་བོན་གྱི་ཆོས་ལུགས་བསྐྱར་དར་བརྒྱུད་ནས། གཤེན་གྱེར་རྨ་དབྱིལ་ལ་སོགས་པའི་གཏེར་སྟོན་རྣམས་ཀྱིས་སྔར་གཏེར་རུ་སྦས་པ་རྣམས་བཏོན་ཏེ། རྫོགས་ཆེན་གྱི་ཆོས་ལུགས་ལུགས་འདི་སྔར་བཞིན་་ཁྱབ་སྤེལ་བྱེད་པར་སྐུལ་འདེད་བྱས།

·ཉེ་རབས་སུ་སྨན་རིའི་མཁན་རབས་རིམ་བྱོན་དང་ཤར་རྫ་པ་བཀྲ་ཤིས་རྒྱལ་མཚན་སོགས་རྒྱུད་འཛིན་བླ་མ་རྣམས་ཀྱིས་རྫོགས་ཆེན་གྱི་ཆོས་ལུགས་བོད་ལྗོངས་ས་མཐོ་གང་སར་ཁྱབ་སྤེལ་གནང་བ་དང་། སྨན་རིའི་མཁན་རབས་སོ་གསུམ་པ་ལུང་རྟོགས་བསྟན་པའི་ཉི་མ་ཆོས་རྒྱལ་པོ་སོགས་ཀྱིས་ད་བར་ཆོས་རྒྱུད་རྒྱུན་མཐུད་ཡང་དག་གནང་བ་རེད།

༤ གྲུབ་མཐའ་གཞན་དང་འབྲེལ་བ་།

གཡུང་དྲུང་བོན་ལུགས་ཀྱི་རྫོགས་པ་ཆེན་པོ་དང་རྙིང་མ་པའི་རྫོགས་པ་ཆེན་པོའི་ཆོས་ལུགས་འདི་གཉིས་མིང་གཅིག་མཐུན་ཡིན་མོད། འོན་ཀྱང་འབྱུང་ཁུངས་དང་རྒྱུན་འཛིན་རང་རང་སོ་སོར་ཡོད་དེ། རྙིང་མ་པའི་རྫོགས་པ་ཆེན་པོ་སློབ་དཔོན་པདྨ་འབྱུང་གནས་མཆོག་གི་ཤུགས་རྐྱེན་ཐེབས་པ་དང་། གཡུང་དྲུང་བོན་ལུགས་འདིའི་རྫོགས་ཆེན་ནི་གནའ་བོའི་ཞང་ཞུང་ས་གནས་དེ་གའི་སྲོལ་རྒྱུན་ལས་བྱུང་བ་ཡིན། དེ་གཉིས་ལ་གོ་དོན་འདྲ་མཚུངས་ཡོད་མོད། འོན་ཀྱང་ཆོས་ལུགས་མ་ལག་དང་རྒྱུན་འཛིན་གྱི་རྒྱུད་པའི་རྩ་བ་མི་འདྲ། མདོར་བསྡུས་ནས་བཤད་ན། གཡུང་དྲུང་བོན་ལུགས་ཀྱི་རྫོགས་པ་ཆེན་པོ་ནི་གྲུབ་མཐའ་འདིའི་ལྟེ་བའི་ཆོས་ལུགས་ཤིག་ཡིན་པ་དང་། འབྱུང་ཁུངས་ནི་ཐོག་མའི་སངས་རྒྱས་བོན་སྐུ་ཀུན་ཏུ་བཟང་པོའི་བར་དུ་ཁུངས་འདེད་ཆོག་པ་དང་། ལོ་ངོ་སྟོང་ཕྲག་གི་རྒྱུན་འཛིན་བརྒྱུད་དེ་དམིགས་བསལ་གྱི་སྒོམ་སྒྲུབ་མ་ལག་དང་རིག་གནས་ཀྱི་ནང་དོན་ཞིག་ཆགས་ཡོད།

(0)
上一篇 2025-11-06 15:32
下一篇 2025-11-06 15:40

相关推荐

唐卡预定·唐卡定制·唐卡设计·唐卡艺术品投资可联系微信(wechat)号:MasterQiRu