沃唐卡官方告知:由于一些唐卡画师的手机像素偏低,有的唐卡实拍图未必能清晰表达出整幅唐卡的效果,需要订购和了解详情的朋友可联系沃唐卡,告知唐卡编号即可了解该唐卡的细节及相关介绍。
“沃唐卡”官方唐卡(中国唐卡)评估等级/品类标准:
【入门级/精品级–旅游纪念品】–【珍藏级–工艺美术品】–【收藏级与艺术级–收藏艺术品】
沃唐卡24小时短信咨询热线:13661344269(提供“沃唐卡”唐卡编号可通过短信询价)
沃唐卡微信(wechat)咨询号:MasterQiRu(请朋友们注明来意和需求·收藏级与艺术级唐卡设计定制)
阿涅活佛传·稀有二十五成就相
༄༅། །ཨ་མྱེ་སྤྲུལ་སྐུའི་ངོ་མཚར་གྲུབ་རྟགས་ཉི་ཤུ་རྩ་ལྔ་བཞུགས་སོ།
《阿涅活佛传·稀有二十五成就相》
——遍空自解传承上师阿涅活佛
སྐྱབས་གནས་ཀུན་འདུས་རྩ་བའི་བླ་མ་ལ།
总摄皈处根本上师尊,
མི་ཕྱེད་སྒོ་གསུམ་གུས་པས་ཕྱག་འཚལ་ལོ།
谨以不变三门虔敬礼,
ཁོ་བོ་རྣམ་ཐར་དད་པའི་འཁྲི་ཤིང་དུ།
于我传记信仰藤蔓中,
ངོ་མཚར་གྲུབ་རྟགས་ཉི་ཤུ་རྩ་ལྔ་བཞག
留有稀有道貌二十五,
དེ་རྣམས་ལོ་རྒྱུས་ཞིབ་དུ་མ་བཤད་ན།
此诸事迹若不详讲述,
རྒྱུས་མེད་རྣམས་ཀྱིས་གོ་བར་མི་འགྱུར་བས།
不熟习者皆不理解故,
བྱ་བྲལ་གསང་སྔགས་མཆོག་གི་ནན་བསྐུལ་ངོ།
遁世桑额至尊诚劝请,
སྒྲོ་སྐུར་བྲལ་བ་ཡིག་གེའི་ལམ་དུ་བཀོད།
遵此故离增损撰此文:
༡ རང་དགོན་གསང་སྔགས་བདེ་ཆེན་ཆོས་གླིང་དུ།
一、密咒大乐法洲本寺中,
རྡོ་རྗེ་སྙིང་པོའི་སྔོན་འགྲོ་འཆད་སྤེལ་དུ།
讲说《金刚藏》之前行法,
དཔོན་སྡེ་ཀུན་གྱིས་ཆར་འབེབས་བསྐུལ་བའི་ཚེ།
此时诸村民众请降雨,
དངོས་བརྒྱུད་བླ་མ་རྣམས་ལ་གསོལ་བ་བཏབ།
虔祷直接间接传承师,
སྙིང་རྗེའི་ཏིང་འཛིན་ཆར་སྤྲིན་ལ་གནས་པས།
依于悲心云雨三昧力,
ཞག་བདུན་ཆར་བབ་དེ་ནས་རྒྱུན་མ་ཆད།
喜雨连降七日除旱灾,
ལོ་ཏོག་ཤིན་ཏུ་ལེགས་པ་ཚིམ་པར་བྱུང་།
各家庄稼旺长皆满意,
དམ་པའི་ཆོས་ཀྱི་་བྱིན་རླབས་གཞན་ལས་ལྷག།
妙法加持神力生其余;
༢ ལྕགས་མདུད་སྐུ་ལུང་གསང་སྡགས་བསྟན་རྒྱས་གླིང།
二、 铁结谷隆桑阿丹杰寺,
ཀློང་གསལ་ཆོས་སྐོར་དབང་ལུང་འཆད་སྤེལ་དུས།
行“龙萨法藏”灌顶传承,
དྲག་པོ་ཡེ་ཤེས་རབ་འབར་དབང་གི་སྐབས།
授以“本慧炽燃“灌顶时,
གཙོ་བུམ་འཕྱུར་ནས་བདུད་རྩིའི་ཆར་རྒྱུན་རྡོལ།
宝瓶水涨甘露流冒出,
ཁྲོམ་ཚོགས་ལྔ་བརྒྱ་ཙམ་ལ་གཤར་དབང་བྱས།
依次灌顶约五百民众,
བུམ་ཆུ་མ་ཟད་བུམ་པ་མེར་གྱིས་གང་།
甘露无尽宝瓶扔满盈,
དགོན་པས་རིལ་བུ་དྱིལ་ནས་གཏའ་སྤེལ་མཛད།
用以制成甘露母丸宝,
བླ་མའི་ཐུགས་རྗེ་དྲན་ཚེ་མཆི་མ་ཤོར།
热泪淋漓念上师慈恩;
༣ མཛོ་མོ་ཏིའུ་དཀར་མོའི་དབེན་ཁྲོད་དུ།
三、“早莫迪噶”幽静小庙中,
རྡོ་རྗེ་འཆང་དངོས་པདྨ་ཆོས་ལྡན་ལ།
真金刚持白玛却丹尊,
ཁོང་གི་བཀའ་ཆོས་ཡོངས་རྫོགས་ལུང་འབུལ་ཚེ།
彼之法藏献我返传时,
སྣང་སྲིད་ཆོས་སྐུ་ཀློང་ཆེན་རབ་འབྱམས་ཀྱི།
无限广布为现有法身——
རྫོགས་པ་ཆེན་པོའི་ངང་དུ་འབྱམས་ཀླས་པས།
龙钦饶降大圆满境界,
གནམ་ས་བར་སྣང་འཇའ་འོད་ཐིག་ལེའི་ཁྱབ།
虹光明点遍满天地间,
དགོངས་བརྒྱུད་འཕོ་བ་ཐོབ་པའི་བརྡ་ཐབས་དང་།
预示我获彼之意传承,
བཤད་སྒྲུབ་རྒྱལ་མཚན་འཛིན་པའི་རྒྱལ་ཚབ་གྱུར།
为彼之持讲修幢补处;
༤ བཞག་སར་ཁུར་ཁྱེར་བང་སྒོའི་རི་ཁྲོད་དུ།
四、“夏萨库切”“旁高”小庙中,
རྒྱལ་སྲས་ཕྲིན་ལས་རྣམ་རྒྱལ་རིན་པོ་ཆེར།
将“龙萨法藏”灌顶传承,
ཀློང་གསལ་ཆོས་སྐོར་དབང་ལུང་ཁྲིད་འབུལ་ཚེ།
教导献给成列朗杰时,
ཁོང་གི་གཟིགས་ངོར་ཐ་མལ་ང་འདྲ་ཡང་།
其之面前普通平凡我,
རིག་འཛིན་ཀློང་གསལ་སྙིང་པོ་དངོས་སུ་གཟིགས།
他却见为龙萨宁波尊,
མཁའ་ལ་འཇའ་ཤར་ས་ལ་དྲོད་ཕེབ་ནས།
虹现天空暖流遍大地,
རྒུན་ཡང་མེ་ཏོག་དཀར་སེར་དམར་ལྗང་འཁྲུངས།
白黄红绿葡萄花亦开,
ཉེར་རྒྱུད་བྱིན་རླབས་ཅན་དེ་ངོ་མཚར་ཆེ།
彼具近传加持甚希奇;
༥ ས་སྟོད་ཡང་དབེན་དགོན་པའི་བསྐྱེད་ཚལ་དུ།
五、 于“萨堆”“央温寺”林苑中,
རྒྱལ་བའི་བཀའ་འགྱུར་ཆེན་པོའི་ཀླག་ལུང་ཕུལ།
献供全套大藏经之时,
དབང་རབ་རྣམ་ལ་དག་སྣང་སྣ་ཚོགས་དང་།
诸上根处各种净相现,
ས་ཡང་རྣམ་པ་དྲུག་ཏུ་གཡོ་བ་དང་།
六种震动亦起于大地,
ཆོས་ལུང་ཟིན་བར་རྒྱ་བོད་འགྲུལ་མཚམས་ཆད།
法城汉藏交通悉中断,
རུ་བ་ཟོག་རྣམས་བཞག་ནས་ཆོས་ཞུས་ཚེ།
牧户放下货物求法时,
འཕར་སྤྱང་ར་ལུང་འདྲེས་ཀྱང་གནོད་འཚེ་མེད།
豺狼混入羊群亦无害,
མི་ཕྱུག་ལོ་ལེགས་བདེ་སྐྱིད་སྔ་མེད་བྱུང་།
人畜平安空前大丰收;
༦ དྷཱཀི་དྲུག་སྟོད་དགོན་གྱིི་ཚོགས་མང་ལ།
六、 遵照白玛成烈师严令,
པདྨ་ཕྲིན་ལས་ཞབས་ཀྱི་བཀའ་ནན་ངོར།
为“六空行母住”寺僧众,
ཏྲག་པོ་ཡེ་ཤེས་རབ་འབར་དབང་བསྐུར་བས།
传授“本慧炽燃“灌顶故,
བླ་གྲ་ཚང་མས་བསྙེན་པ་འབྲུ་འབུམ་གསུངས།
师徒皆念修十万字咒,
མ་ཞུ་ཕོ་ཐོག་ནད་ངན་རྒྱུན་བཅད་ནས།
灭除流行不愈恶疾后,
ས་བདག་གཏད་དཀྲུགས་མདོས་ཟོར་འཕང་བའི་ཚེ།
土司抛“厌胜”灵器食子,
གནམ་ལྕགས་རྡོི་རྗེ་ཐོག་གི་ཆར་པ་བབ།
此时金刚霹雳如雨降,
དྲག་པོའི་སྔགས་ཀྱི་ནུས་པ་མངོན་སུམ་མཐོང་།
现前明见忿怒密意力;
༧ ཨ་དཀར་ཆོས་ལྡན་དགོན་དུ་རབ་གནས་བྱས།
七、 主持阿噶曲丹寺开光,
སེར་སྐྱ་མཆོག་དམན་འདུས་སྡེ་མང་པོ་ལ།
为众上下僧俗与寺庙,
སྐུ་གསུམ་ཞི་ཁྲོའི་དབང་ཆེན་བསྐུར་བའི་ཚེ།
授以“三身静猛”灌顶时,
རྡུལ་བྲལ་ནམ་མཁའ་ཤིན་ཏུན་དངས་བའི་དཀྱིལ།
最极清朗离尘虚空界,
ཉི་ཟླ་སྐར་གུམ་འོད་སྣང་བཀྲལ་བའི་མཐར།
日月显聚光辉灿烂,
འཇའ་འོད་ཁ་དོག་སྣ་སྔ་མི་ཁྱུད་བསྐོར།
周围五彩虹光环绕之,
དམར་གཤལ་ལ་སོགས་ནད་ཡམས་རྒྱུན་ཆད་ནས།
断除赤痢等疫流行后,
དམ་པའི་ཆོས་ཀྱི་འགྲོ་དོན་མི་དམན་བྱུང་།
圣教利生事业悉成就;
༨ ཇ་བཟི་དགོན་དུ་ནས་ཁལ་དྲུག་ཅུ་ཙམ།
八、 六十藏克青稞为主供,
གཞི་བྱས་ཚོགས་རྫས་ཅི་འབྱོར་འདུ་་བྱས་ཏེ།
汇集共他从属荟供物,
དྲག་པོ་ཡེ་ཤེས་རབ་འབར་དལ་ཞལ་ཕྱེས།
甲斯寺“本慧炽燃“荟供,
དཔོན་གཡོག་མང་པོ་བདུན་ཕྲག་གཉིས་ཙམ་ལ།
上师法眷共修十四天,
ཚོགས་བསྐང་འབུམ་དང་ཁ་བསྐང་ཁྲི་ཕུལ་བའི།
献千万“补足供”、“增添供”
ཚོགས་ཆེན་མི་ལུས་ལྷག་ཙམ་བཞེངསཔ་ལས།
比真人大糌粑朵玛上,
ཕྱོགས་བཞིར་བདུད་རྩིའི་རྒྱུན་བབ་ཆང་དྲི་ལྡན།
甘露流降四方散醇醪,
འཁོར་འདས་མགྲོན་ཀུན་ཚིམས་པའི་རྟགས་མཚན་བྱུང།
世出世间导师皆满意;
༩ ཤར་སྟོད་ཨ་མྱེ་རྨ་ཆེ་སྤོམ་རའི་མདུན།
九、 东北阿尼玛沁雪山前,
རྡོ་རྗེ་སྙིང་པོའི་སྔོན་འགྲོ་འཆད་པའི་དུས།
讲说《金刚藏》的前行时,
མེ་ཏོག་པདྨ་འདབ་བརྒྱད་ཆར་དུ་སྙིལ།
八瓣莲花化作滂沱雨,
གནས་ཡིག་བསྐོར་ཚེ་ཕན་ཡོན་རྒྱས་པ་བྲིས།
着《圣地指南》、《朝礼功德》,
བསྐོར་བ་བྱེད་མི་ཁྲི་ཕྲག་མང་པོ་ལ།
为前来朝礼众生说法,
ཆོས་འཆད་དབང་བསྐུར་ཕྱག་བསྐོར་བསང་མཆོད་བསྟོད།
灌顶绕山赞颂及烟供,
ཚེ་ཐར་མ་ནི་བསྙུང་གནས་འགྲོ་དོན་ཁྱབ།
放生传经持斋利生事,
རབ་འབར་བདུད་རྩིའི་སྨན་སྒྲུབ་འཇའ་འོད་ཟུག
然巴甘露妙药虹光入;
༡༠ ཟི་ལིང་མཚོ་སྙིང་ཁྲི་ཤོང་རྒྱལ་མོའི་མདུན།
十、 青海湖心岛尺雪杰姆,
ཚོགས་མཆོད་གནས་འབྲེལ་ཟླ་བ་བཞི་ཙམ་བྱས།
其前圣地会供办四月,
བཤད་ཚད་ལུང་བསྟན་བྱེད་ཚད་གྲུབ་རྟགས་གྱུར།
凡讲凡作成授记道貌,
རེབ་ཀོང་སྔགས་མང་ཀློང་ཆེན་མཛོད་བདུན་སོགས།
于热贡传《龙钦七宝藏》,
དབང་ལུང་ཁྲིད་ཀྱིས་རེ་བ་ཡོངས་སུ་བསྐོང།
灌顶传经教导使满愿,
ཀུན་གཟིགས་པན་ཆེན་སྣང་བ་མཐའ་ཡས་ཀྱིས།
被班禅大师无量光佛,
གཙོ་འཁོར་ཀུན་གཙུག་གི་ནོར་བུ་བཀུར།
主尊眷属敬为顶髻珠,
ལས་བཞིའི་ཕྲིན་ལས་རབ་འབྱམས་ཐོག་མེད་གྲུབ།
四种事业无阻皆成就;
༡༡ ལུང་དོན་ལྟར་དུ་རང་གནས་དགོན་པ་རུ།
十一、依授记在自住寺院中,
ཟངས་གསེར་ལས་གྲུབ་མ་ཧ་གུ་རུའི་སྐུ།
铸摩诃莲师镀金铜像,
འཛམ་གླིང་རྒྱན་གཅིག་གཞུ་འདོམ་གསུམ་པ་བཞེངས།
世间庄严高达三人高,
སྐུ་ཡི་གཡོན་ངོས་བྃཿཧ་རི་ནི་ས།
佛像的左侧是大乘地,
བརྡ་ཡིག་རང་བྱོན་དང་ནི་ཕྱོགས་རེ་རེར།
秘密文字自降给四方,
ཞལ་གདམས་སྤྲད་རྗེས་སོ་གསུམ་ཇེ་ཆེ་འཁྲུངས།
装藏后佛像增宽三指,
ཚོགས་མཆོད་འབུལ་དང་རབ་གནས་བརྟན་བཞུགས་དུས།
十万会供开光永存时,
འཇའ་གུར་མེ་ཏོག་ཆར་སོགས་དགེ་མཚན་རྒྱས །
弧形彩虹花雨吉兆盛;
༡༢ མེ་བྱི་ལོ་ལ་མཐའ་ཡི་དམག་ཆེན་གྱིས།
十二、莲师心间镶嵌大蜜蜡,
གུ་རུའི་ཐུགས་ཀའི་སྤུག་ཤེལ་ཆེན་པོའི་ཕྲ།
火鼠年来一外寇军官,
བཀོག་ཚེ་ཞལ་ནས་དྲག་པོའི་གསུང་འབྱོན་ཞིང་།
拔时师口发出忿怒语,
དེ་མ་ཐག་ཏུ་ཁོ་ཡང་ཁྲག་སྐྱུང་འཆི།
随即军官立刻吐血死,
དེ་ཡི་ལོ་རྒྱུས་དམག་མི་ཀུན་ལ་ཁྱབ།
此事所有士兵皆知晓,
དགོན་པའི་ལྷ་ཁང་གསར་རྙིང་ཡོ་བྱད་རིགས།
寺庙新旧经堂与佛像,
གནོད་འཚེ་ཕྲ་མོ་ཙམ་ཡང་མ་བྱུང་བ།
资具类等丝毫未遭损,
གུ་རུ་ཡིད་བཞིན་ནོར་བུའི་བཀའ་དྲིན་ཡིན།
全靠莲师如意宝深恩;
༡༣ ཞི་བ་ལྷ་ཐིམ་དགོན་དུ་བདུད་ཕུར་དང་།
十三、在希瓦拉梯寺中传授,
རྡོ་རྗེ་ཁྲོད་ལོད་ཚེ་དབང་ཟབ་མོ་ཕུལ།
登普、愤怒莲师、长寿顶,
ཕུར་བརྙེན་དུང་ཕྱུར་འདུས་སྡེའི་ཡུན་རིང་གསུངས།
大讲念修上亿金刚橛,
བསྟན་འགྲོའི་དོན་དུ་སྲིད་མནན་ཞག་དགུ་བཅས།
为利生作法伏魔九日,
མནན་སར་ཕྱིན་པས་མནན་དོང་གཏིང་ཟབ་རྡོལ།
到诛处后厌胜深坑穿,
དམ་སྲིད་རིགས་མནན་ལྡང་མེད་ཕྱག་རྒྱས་བཏབ།
以期克印叱令永不起,
རྒྱ་རུའི་དཔོན་སྡེ་སྐྱིད་པའི་ཉི་གཞོན་འཆར།
加日百姓幸福丽日升,
མཐའ་དམག་དུས་འཁྲུགས་ཕྱིར་བཟློག་བསྟན་དོན་འགྲུབ།
制止外寇战乱教义成;
༡༤ གྲུབ་རྗེ་འཇའ་ལུས་པ་ཡི་ལུང་བསྟན་པའི།
十四、得道者白玛邓灯授记,
དབེན་གནས་ཆོས་ཁྲི་སྟེང་གི་གཟིམ་བསྐྱིལ་དུ།
幽静之地却尺关房中,
བྱ་བྲལ་པདྨ་ཆོས་ལྡན་གསུང་ཆོས་རྣམས།
内存白玛却丹之文集,
སྤར་དུ་སྒྲུབ་ཚེ་རྒྱ་མོས་མེ་ཏོག་ནི།
刻书版时三朵嘉木花,
འདབ་མ་སྟོང་ལྡན་གསུམ་འཁྲུངས་ཡུན་རིང་གནས།
院中绽放千瓣常茂盛,
བྱིའུ་དཀར་སེར་དམར་ལྗངཉེར་བཞི་ཙམ།
白黄红绿小鸟二十四,
སིདྡྷི་སྒྲ་སྒྲོགས་མཐའ་བསྐོར་ཞག་ལྔ་བཞུགས།
发“悉地”声盘旋五日中,
རིགས་ཆོས་སློབ་རྒྱུདཆུ་བོའི་རྒྱུན་བཞིན་འཕེལ།
圣法法嗣源源如河流;
༡༥ རང་དགོན་གྲུབ་རྗེ་པྨད་བདུད་འདུལ་གྱི།
十五、尊崇本寺白玛邓灯之,
གཏེར་བྱོན་ཟབ་ཆོས་མཁའ་ཁྱབ་རང་གྲོལ་གྱི།
掘藏密法“遍空自解脱”,
མྱང་གྲོལ་བུམ་སྒྲུབ་ཆེན་མོའི་གོང་བཞུགས་བྱས།
体验即得解脱瓶修法,
བག་དྲོད་ཉམས་དགའ་རིག་པ་ཤིན་ཏུ་དངས།
修后舒畅神志极清醒,
དཀྱིལ་འཁོར་བཀྲག་དང་གཟི་མདངས་ལྷག་པར་རྒྱས།
坛城光彩夺目且灿烂,
རིལ་བུམ་མཆུ་ནས་ལྗང་བུའི་བཞིན་ལེགས་པ།
“一卡”妙胚芽出净瓶口,
མ་ཉམས་མཐོ་གང་རིལ་བུའི་དཀྱིལ་ནས་འཁྲུངས།
甘露丸中出生茁壮长,
གཞན་ཕན་འགྲོ་དོན་རྒྱས་པའི་རྟེན་འབྲེལ་ཡིན།
预兆利生事业永昌隆;
༡༦ ཆོས་ཁྲིའི་སྟེང་དུ་གུ་དྲག་བསྙེན་མཚམས་སྐབས།
十六、座上闭修愤怒金刚时,
ཕ་རིའི་ནགས་རིར་མེ་མཆེད་བརྡ་ཐབས་ཀྱིས།
对面山林大火蔓延势,
ཡེ་ཤེས་རབ་འབར་རྩ་བའི་རྒྱུད་ཉིད་ལ།
“本慧炽燃“根本相续上,
སྔོན་མེད་བསྡུས་དོན་རིན་ཆེན་སྒྲོན་མེད་བྲིས།
著述空前摄义宝明灯,
གཟུང་མར་ཆགས་ཆེན་འཁྲུལ་བ་སྦུབ་གཤིག་བསྐབས།
空行病时为做诛火供,
སྦྱིན་བསྲེག་ཐ་མལ་མེ་ཡི་སྦར་མ་དགོས།
需要平常护摩火炽燃,
ཡེ་ཤེས་མེ་ཡི་རང་འབར་མངོན་སུམ་བྱུང་།
现前出现智慧火自燃,
གསང་ཆེན་སྔགས་ཀྱི་ཡོན་ཏན་བསམ་མཐའ་ཡས།
密乘之功德不可思量;
༡༧ རང་དགོན་བླ་གྲ་སེར་སྐྱ་མཆོག་དམན་ལ།
十七、为本寺上下僧侣传授,
བདུད་འདུལ་གཏེར་བྱོན་རྡོ་རྗེ་ཁྲོ་ལོད་ཀྱི།
邓灯伏藏多杰措洛之,
སྨིན་དབང་བསྐུར་ནས་ཡུལ་འདྲེ་དམ་ལ་བཏགས།
成熟灌顶降服当方鬼,
ཚེ་སྒྲུབ་ཨརཡུ་མདའ་འཐེན་དབང་བསྐུར་ཚེ།
长寿无贪之箭灌顶时,
ཚེ་མདའ་རིགས་དབོན་ཡེ་ཤེས་ལ་སོགས་པས།
前世侄儿喇嘛益西等,
ཡང་ཡང་ཚད་བཞག་འཆུག་མེད་བྱས་རྗེས་སུ།
再再无误确定范围后,
སོར་མོ་བཞི་ཡི་བར་དུ་མངོན་སུམ་འཐེན།
发现长寿箭增长四指,
ཀུན་གྱིས་གཟིགས་པས་སྒྲོ་སྐུར་ཀུན་དང་བྲལ།
为众亲见故离增与损;
༡༨ འདའ་དགོན་ཚོགས་ཆེན་དབུ་མཛད་སྨྱོ་ནད་ཐེབས།
十八、达寺措钦翁则中疯病,
ཁྲོམ་ཕྱོགས་གྲུབ་གཅོད་སུས་ཀྱང་བཅོས་རྡུགས་ཏེ།
市井能医谁都难治愈,
རྒྱུན་དུ་བཀྱིགས་བརྡུགས་སྡུག་བསྔལ་དྲག་གཏད་ཚེ།
平时猛给捆打受苦时,
ཕྲན་གྱིས་བཟོད་མེད་སྙིང་རྗེ་ཐུན་གཅིག་སྒོམས།
顷刻难忍悲心修一座,
བཀྱིགས་དཀྲོལ་བཏང་ནས་ལག་ཏུ་མཚོན་ཆ་གཏད།
松绑后一指手中兵器,
ངུ་བཞིན་ཕྱིན་ཆད་འགྲོ་ལ་གནོད་མི་བྱེད།
哭诉从今不作害众生,
ང་འགྲོ་ཟེར་ནས་གོམ་གསུམ་སྤོས་མཚམས་བརྒྱལ།
“我走”言后迈三步昏倒,
དེ་སད་ཙ་ན་སྔར་བཞིན་ནད་མེད་བདེ།
当他醒时无病安如前;
༡༩ སྨི་མའི་བུ་མོ་མོ་ལོ་བཅུ་གཉིས་མ།
十九、本马地方女子年十二,
ཤི་བའི་སྔས་སུ་རང་ཉིད་གདན་དྲངས་ཚེ།
迎请本人到其尸枕旁,
འཆི་བ་ཞེས་བྱ་ཀུན་སྫོབ་འཁྲུལ་ངོ་ཙམ།
谓死只是世俗虚幻性,
དོན་དམ་བྱང་ཆུབ་སེམས་ལ་སྐྱེ་འཆི་མེད།
胜义任运心并无生死,
ད་རིས་ལན་གཅིག་ཤི་བ་གསོན་བཅུག་སྨྲས།
这回告知一次复活死,
འཁོར་གསུམ་ཡོངས་སྫོགས་འབུལ་ཟེར་མཆི་མས་བརྣང་།
献出所有财物泪横流,
རྩེ་མཚར་ངང་སོས་ཚེ་དབང་བཟང་མོ་བཏགས།
死复生赐名才旺荣姆,
བསད་གསོ་གྲུབ་པ་སྔགས་ཀྱི་ཁྱད་ཆོས་ཡིན།
杀活自在密乘殊胜法;
༢༠ ཁྱོ་ཡུལ་བང་རྒོད་ཆུ་ཐོད་ལུང་པ་རུ།
二十、乔域布果秋脱山沟里,
རྒན་མོ་གསུམ་ཙམ་འཕོ་ལུང་ཞུ་སར་བྱུང།
有三妪前来求破瓦法,
གསོན་པོ་སྤར་བའི་ནུས་པ་ཨེ་ཡོད་སྙམ།
心想岂有破瓦度生者,
བརྒྱུད་པ་རིན་པོི་ཆེ་ལ་གསོལ་བ་བཏབ།
我祈祷传承师仁波切,
དམིགས་གཏད་དྲག་པོ་ཕཏཿསྒྲ་ལན་མང་བྱས།
所缘数发猛励呸呸声,
རྒན་མོ་གསུམ་པོ་འདར་བཞིན་སྐབས་གཅིག་བརྒྱལ།
三妪当即战栗昏迷时,
ཀློང་གསལ་རྡོ་རྗེ་སྙིང་པོའི་བྱིན་རླབསཞུགས།
融入龙萨金刚藏加持,
ཡང་ཟབ་ཆོས་འདི་ནམ་ཡང་བསླུ་བ་མེད།
此最极甚深法实无欺,
༢༡ གནས་ཆེན་དགའ་བ་བྲག་ནས་ཐུགས་ཆེན་བསྐོར།
二十一、从圣地喜乐岩山掘出,
གཏེར་ནས་དྲངས་ཚེ་བྱ་རྒོད་མི་ཐར་སར།
伏藏大悲观世音修法,
བྲག་རི་མེ་ལོངས་ངོས་ལྟར་འཇམ་པ་ལ།
兀鹰不至岩山平如镜,
མཚལ་གྱིས་ཨོྃ་ཨཱཿཧཱུྃ་དང་བརྡར་ཡིག་བྲིས།
朱砂写嗡啊吽与密文,
ཕྱི་ཉིད་བདེ་ཆེན་དེར་གཟིགས་ལོ་རྒྱུས་ཐོས།
后来狮山父子皆赞道:
པདྨའི་རྒྱལ་ཚབ་ཡིན་ན་དེ་འདྲ་དགོས།
“翌日德钦见闻此情况,
རྩོད་མེད་ཟླ་བྲལ་ཁྱད་པ་འཕགས་སོ་གསུངས།
若是莲师补处当如是,
ཕྱིས་ནས་སེང་རིར་ཡབ་སྲས་ཀུན་གྱིས་སྔགས།
无可辩驳殊胜实无比。”
༢༢ བསྟན་འགྲོའི་དོན་དུ་ལྕགས་མདུད་འབྲུག་སྫོགས་དུ།
二十二、为利众生于铁结县城,
སྡེ་བརྒྱད་ཁེངས་ལོག་མདོས་ཆེན་འཕང་བའི་ཚེ།
投出天龙八部大灵器,
འགུག་གཞུགས་དུས་སུ་ཁང་བཟང་དྲག་ཏུ་འདར།
在召回精舍时猛颤抖,
མདོས་བསྔོས་ཚེ་ན་སྡེ་བརྒྱད་དངོས་སུ་བྱུང།
回向灵器时八部显现,
རླུང་འཚུབས་དྲག་པོའི་གནམ་ས་གཡོས་བ་ཙམ།
狂风大作天摇又地动,
མདོས་སྣ་ལྷོ་སྤྲིན་དམར་ནག་འཁོར་ལོ་འཁོར།
各种灵器深红云轮旋,
མདོས་་དེགཏོང་སར་མདའ་འཕང་བཞིན་དུ་ཡལ།
即彼灵器如箭逝抛处,
ལོ་དགུའི་བར་དུ་ནད་མུག་མཚོན་འཁྲུགས་ཆད།
瘟疫饥荒战争停九年;
༢༣ ཁྱོ་ཡུལ་ར་ལོའི་དགོན་དུ་ཕུར་སྒྲུབ་མཛད།
二十三、乔域热罗寺修金刚橛,
གློ་བུར་སྲོག་ལ་རྒོལ་བའི་རིམ་ནད་བཅད།
灭除突发致命传染病,
ཁྱུངཔོ་བླ་མ་བྱམས་པ་ཀུན་དགའ་ཉིད།
琼波喇嘛强巴贡噶师,
མ་ཞུ་ཕོ་ཐོག་ནད་ཀྱིས་གྲོངས་ཉེར་ཚེ།
胃病不愈临近死亡时,
སྦུབས་བཤིག་གསུང་ནས་མེ་ཞགས་རྒྱབ་བའི་མོད།
诛法火供猛打火苗飘,
ལུས་ཀྱི་ཕྱི་ནང་མེ་ཡི་ཕུང་པོར་གྱུར།
其身内外变成旺火堆,
དེ་མ་ཐག་ཏུ་ནད་རྐྱེན་རང་སར་ཞི།
随即内外病缘就地息,
ཚེ་དབང་ཕུལ་བས་སྐུ་ཚེ་མཐར་རུ་ཕྱིན།
灌长寿顶故寿享期年;
༢༤ ཤར་གནས་ལྷང་ལྷང་ནོར་བུ་འི་ཡང་རྩེའི་མདུན།
二十四、东方朗朗薄雾山顶前,
དམ་ཅན་བྲག་ཏུ་ཚེ་ཕུར་མཚམས་ལ་བསྡད།
护法岩上闭修长寿撅,
བླ་མའི་ཞལ་རྒྱུན་རྫོགས་ཆེན་ཁྲིད་ཡིག་བྲིས།
写师口传大圆满讲义,
བསྟན་གཉིས་གསང་སྔགས་གླིང་པས་སྐུ་ཚེ་བསྲིངས།
愿丹宁桑额林巴长寿,
ཉིན་གཅིག་ཉམས་འུར་བྲག་གི་གཡས་ཕྱོགས་སུ།
一日在坚硬共鸣岩山,
སྲ་འཁྲེགས་བྲག་ལ་ཞབས་རྗེས་འདམ་ལྟར་བརྫིས།
左面如于泥上踏脚印,
གཡོན་ངོས་མི་འགྱར་ཐུགས་ཀྱི་ཡིག་གེ་ཧཱུྃཿ
右面写下永恒意“吽”字,
མར་ལ་ལྕགས་སྲེག་རེག་པ་ལྟ་བུ་བྲིས།
融化犹如酥油触炽铁;
༢༥ ལྕགས་མདུད་རེད་ནུབ་སེང་གདོང་སྒྲུབ་པ་བྱས།
二十五、新龙铁结修狮面佛母,
བཟློག་པའི་གཏོར་མ་བདུད་རྩི་འོད་དུ་ཞུ།
回遮食子化作甘露光,
ཐང་དཀྱིལ་ཁྲོམ་མང་སེམས་བསྐྱེད་འབོག་ཆོག་སྐབས།
为众传授发心仪轨时,
མཚན་མོ་རླུང་ཐན་དྲགས་པོ་གཡོ་བའི་ཚེ།
当天坝中夜间恶风起,
མི་རེའི་མར་མེ་རེ་རེ་ལག་ཏུ་བཟུང་།
此时点燃每人手中灯,
སྦར་ནས་སེམས་བསྐྱེད་མཆོད་པ་མ་ཟིན་བར།
乃至未完供奉发心间,
བག་དྲོད་ཉམས་བདེ་རླུང་འཚུབས་རང་སར་ཞི།
人人安乐狂风就地息,
ཡུལ་དེའི་གཞི་བདག་རྣམས་ཀྱང་ཆོས་ཀྱིས་གྲོལ།
法使当方地祗亦解脱。
དུག་གསུམ་འདམ་དུ་བྱིང་བའི་སྔགས་གཟུགས་བདག།
三毒沉入泥中瑜伽我,
གྲུབ་རྟགས་ཡོད་སྙམ་རང་ཉིད་ཁྲེལ་བའི་རྒྱུ།
觉得有道貌是自耻因,
འོན་གྱང་བླུན་པོ་དད་པ་བརྟན་པ་ཡིས།
但我愚人信仰实坚定,
ཟབ་མོ་ཆོས་དང་བླ་མའི་བྱིན་རླབས་ངེས།
真实甚深法上师加持,
འདི་ན་གང་བཤད་གསོང་པོར་བརྗོད་པ་ལས།
此中凡讲皆是诚实诠,
རང་ཆེན་འབྱིན་པའི་རྫུན་ཚིག་ཡོད་རེ་ཀན།
发誓无有自大之诳语,
དེ་སླད་ཕྱིས་ཀྱི་རྗེས་འཇུག་འབྱུང་སྲིད་ན།
故若能出外来随行者,
རབ་དྭངས་བློ་ཡིས་མོས་པའི་རྟེན་དུ་མཛོད།
请以明智作为信所依,
མྱུར་ལམ་རྡོ་རྗེ་ཐེག་པའི་སྒོར་ཞུགས་ནས།
进入快捷方式金刚乘门后,
གསང་ཆེན་གསང་བ་འཆལ་བའི་ཉེས་ཚོགས་ཀུན།
将犯密乘戒的一切罪,
རང་རིག་རྡོ་རྗེ་འཆང་གི་དཀྱིལ་འཁོར་ལ།
以无缘离言说思议法,
དམིགས་བསམ་བརྗོད་བྲལ་བའི་ཚུལ་ཀྱིས་འཆགས།
向自证金刚持坛忏悔,
འདིར་འབད་རྣམ་པར་དཀར་བའི་ཆ་མཆིས་ན།
于此精进若有善事分,
འགྲོ་ཀུན་ཨོ་རྒྱན་ཆེན་པོའི་རྗེས་བཟུང་ནས།
愿佛邬金大师受持后,
ཟུང་འཇུག་རྫོགས་པ་ཆེན་པོའི་གསེང་ལམ་ནས།
经此双运大圆满快捷方式,
ཀུན་བཟང་གདོད་མའི་མགོན་དང་དབྱེར་མེད་ཤོག།
证得不离普贤原始怙。
སྐྱབས་གནས་ཀུན་འདུས་རྩ་བའི་བླ་མ་ལ།
总摄皈处根本上师尊,
མི་ཕྱེད་སྒོ་གསུམ་གུས་པས་ཕྱག་འཚལ་ལོ།
谨以不变三门虔敬礼,
ཁོ་བོ་རྣམ་ཐར་དད་པའི་འཁྲི་ཤིང་དུ།
于我传记信仰藤蔓中,
ངོ་མཚར་གྲུབ་རྟགས་ཉི་ཤུ་རྩ་ལྔ་བཞག
留有稀有道貌二十五,
དེ་རྣམས་ལོ་རྒྱུས་ཞིབ་དུ་མ་བཤད་ན།
此诸事迹若不详讲述,
རྒྱུས་མེད་རྣམས་ཀྱིས་གོ་བར་མི་འགྱུར་བས།
不熟习者皆不理解故,
བྱ་བྲལ་གསང་སྔགས་མཆོག་གི་ནན་བསྐུལ་ངོ།
遁世桑额至尊诚劝请,
སྒྲོ་སྐུར་བྲལ་བ་ཡིག་གེའི་ལམ་དུ་བཀོད།
遵此故离增损撰此文:
ཅེས་པའང་བྱ་བྲལ་གསང་སྔགས་བསྟན་འཛིན་དང་སྔ་ཕྱིན་མོས་ལྡན་མང་པོའི་ཡང་ཡང་བསྐུལ་ངོར་མ་ལྡོག་ཙམ་དུ་ཇ་བཟི་ཨ་མྱེ་སྤྲུལ་མིང་པས་བྲིས་པ་དགེ་ལེགས་འཕེལ། སརྦ་མངྒ་ལམ། །
云云此者,只是作为不拗遁世桑额旦增仁波切与前后众多希求者之再三劝请,虚膺甲斯阿涅活佛盛名者撰。萨儿哇 芒噶蓝母!
|沃唐卡古唐卡视频讲解目录|←唐卡视频讲解目录查询点这
|十二生肖守护小唐卡|——|最新唐卡价格行情走势|——|收藏级唐卡推荐|
www.WoTangKa.com-沃唐卡·官网:沃唐卡的国内专业的唐卡数据信息平台,提供全面的唐卡资料信息检索服务及成熟完善的唐卡仓储供应链服务!
“沃唐卡”唐卡平台为朋友们提供:“沃唐卡”喜马拉雅文化艺术中心、收藏级与艺术级唐卡直供、唐卡艺术品投资、唐卡画展、唐卡书籍与刊物出版等服务
沃唐卡24小时短信咨询热线:13661344269(仅接受短信咨询)
沃唐卡微信(wechat)咨询号:MasterQiRu
友情提醒一:需要唐卡图做背景或头像的朋友可以关注“沃唐卡”的微信公众号[“沃唐卡”或“wotangka”],直接电子邮件(wotangka@qq.com)唐卡编码,沃唐卡客服小沃会在72小时内发送邮件给您!
友情提醒二:尼泊尔唐卡不在沃唐卡评级范围内,全球市场上95%的尼泊尔唐卡归类在装饰画范围。
友情提醒三:“沃唐卡”官方唐卡评定为“收藏级“与”艺术级”的唐卡具有艺术收藏价值和商业升值潜力价值。
