沃唐卡官方告知:由于一些唐卡画师的手机像素偏低,有的唐卡实拍图未必能清晰表达出整幅唐卡的效果,需要订购和了解详情的朋友可联系沃唐卡,告知唐卡编号即可了解该唐卡的细节及相关介绍。
“沃唐卡”官方唐卡(中国唐卡)评估等级/品类标准:
【入门级/精品级--旅游纪念品】--【珍藏级--工艺美术品】--【收藏级与艺术级--收藏艺术品】
沃唐卡24小时短信咨询热线:13661344269(沃唐卡物流部客服与提供“沃唐卡”唐卡编号可通过短信询价)
沃唐卡微信(wechat)咨询号:MasterQiRu(请朋友们注明来意和需求·收藏级与艺术级唐卡设计定制)
沃唐卡官方咨询邮件地址:wotangka@qq.com(唐卡寄卖·合作咨询·相关学习咨询等)
毗沙门天王供养食子仪轨
【财宝天王供养仪轨 】
༈ས་ཡི་སྙིང་པོ་སྒྲུབ་པར་འདོད་པས་སྐྱབས་སེམས་ཚད་མེད་བསྒོམ་པ་སྔོན་དུ་སོང་ནས།སྭ་བྷཱ་ཝས་སྦྱངས། 欲修此仪轨者,首先修诵皈依、发心、四无量心,之后以“观空咒”净治。需先自成任一本尊,然后可先念“毗沙门祈祷文”等赞文(不念亦可),再供以三白三甜的食子 (朵玛) ,糕点亦可。文后可加念章嘉国师所造的《请托事业颂》(不念亦可),然后请返、回向。
༄༅།།སྐྱབས་འགྲོ་སེམས་བསྐྱེད།།
【皈依发心】
སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ།།
桑吉秋当措杰巧南拉 诸佛正法以及众中尊
བྱང་ཆུབ་བར་དུ་བདག་ནི་སྐྱབས་སུ་མཆི།།
向却瓦德打呢加森却 直至菩提于彼我归依
བདག་གིས་སྦྱིན་སོགས་བགྱིས་པའི་བསོད་ནམས་ཀྱིས།།
达给因所吉波所南吉 我以所修施等诸资粮
འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག།
卓拉潘协桑吉哲巴效 为利一切众生愿成佛
ལན་གསུམ།། 念 三 遍
༄༅།།ཞེས་ཚད་མེད་བཞི་བསྒོམ།།
【观修四无量心】
སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག།
森坚坛杰叠瓦当地为杰当丹贝了确吉
愿 诸 众 生 永 具 安 乐 及 安 乐 因
སེམས་ཅན་ཐམས་ཅད་སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་གྱུར་ཅིག།
森坚坛杰杜爱当杜爱杰杰当扎瓦具吉
愿 诸 众 生 永 离 众 苦 及 众 苦 因
སེམས་ཅན་ཐམས་ཅད་སྡུག་བསྔལ་མེད་པའི་བདེ་བ་དམ་པ་དང་མི་འབྲལ་བར་གྱུར་ཅིག།
森坚坛杰东爱麦贝叠瓦当密扎瓦具吉
愿诸众生永具无苦之乐 我 心 喜 悦
སེམས་ཅན་ཐམས་ཅད་ཉེ་རིང་ཆགས་སྡང་གཉིས་དང་བྲལ་བའི་བཏང་སྙོམས་ལ་གནས་པར་གྱུར་ཅིག།
森坚坛杰涅让恰当涅当扎为当宁拉尼威尼巴具吉
愿诸众生远离贪嗔之心 住 平 等 舍
༄༅།།སོགས་ཚད་མེད་བཞི་བསྒོམ།།
【观空咒】
ཨོཾ་སྭ་བྷ་ཝ་ཤུདྡྷ་སརྦ་དྷརྨཱ་སྭབྷ་ཝ་ཤུདྡྷོ྅ཧཾ།
嗡 索巴瓦 修达 萨瓦达玛 索巴瓦 修哚 杭
༄༅།།རྣམ་སྲས་བསྟོད་པ།།
【毗沙门祈祷文】
ཧཱུཾ
吽
མི་འཇིགས་སེངྒེའི་གདན་སྟེང་ན།།
木久 桑改 持登那 无畏雄威踞狮座
བཻ་ལས་བྱུང་བའི་མགོན་པོ་ནི།།
白里 熊伟 供宝呢 比字北方依怙尊
ངལ་བསོས་དགེ་བ་སྟོབས་པོ་ཆེ།།
安索 改瓦 但宝切 解劳行善增大力
ས་བརྒྱད་དབང་ཕྱུག་ཁྱོད་ལ་འདུད།།
萨基 嗡修 去啦度 八地自在菩萨礼
བཙུན་མོ་བཞི་དང་སྲས་བཞི་དང་།།
曾毛 喜懂 瑟喜懂 四大贤妃四王子
ཁྱད་པར་ལས་སྒྲུབ་གནོད་སྦྱིན་བརྒྱད།།
切吧 里周 奴曾集 成就事业八药叉
ནོར་སྟེར་བ་ཡི་ཀླུ་ཆེན་བརྒྱད།།
诺带 瓦已 乐清集 雨宝如意八龙王
ལྷ་སྲིན་སྡེ་བརྒྱད་འཁོར་བཅས་ལ།།
啦赛 带集 考集啦 非人眷属八部等
མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ།།
桥讲 度带 夏讲擦 修供赞韵作礼敬
དགྲ་བགེགས་མ་ལུས་གཞོམ་པ་དང་།།
扎改 吗录 像吧懂 仇怨无余悉摧毁
འབྱོར་བའི་ལོངས་སྤྱོད་ཕུན་ཚོགས་ཤིང་།།
交伟 龙久 彭草熊 受用福禄圆满俱
འདོད་དགུ་ཡིད་བཞིན་འགྲུབ་པ་དང་།།
度歌 已行 主吧懂 众生如意善业增
གཞན་དོན་ལྷུན་གྱིས་གྲུབ་པར་མཛོད།།
心动 龙吉 周吧最 利他双运作皆成
【财宝天王心咒】
༄༅།།ཨོཾ་བཻ་ཤྲ་བ་ཎ་ཡེ་སྭཱ་ཧཱ།།
嗡 贝 夏哇那耶 梭哈
༄༅།།རྒྱལ་ཆེན་རྣམ་ཐོས་སྲས་ལ་མཆོད་གཏོར་འབུལ་ཚུལ་བཞུགས་སོ།།
【毗沙门天王供养食子仪轨】
ན་མོ་གུ་རུ།
敬礼师长
དེ་ལ་འདིར་རྒྱལ་ཆེན་རྣམ་མང་ཐོས་སྲས་ལ་མཆོད་གཏོར་འབུལ་བར་འདོད་པས་། རང་ཉིད་ལྷག་པའི་ལྷ་གང་ཡང་རུང་བའི་ང་རྒྱལ་ལ་གནས་བཞིན་པས་མཆོད་གཏོར་རྣམས་བྱིན་གྱིས་རླབས་ལ།། 此中,欲于毗沙门天王献供养食子者,住于自生随一本尊慢中加持食子:
བཻ
毗
རེ་དབང་ལྷུན་པོའི་བྱང་ཕྱོགས་ལྕང་ལོ་ཅན།།
日旺伦波强邱蒋洛坚 须弥北方 柳叶天宫
དཔལ་སྷུག་ཉམས་བརྒྱས་མཛེས་པའི་ཕོ་བྲང་ནས།།
呗渡娘给贼呗破章内 众妙所严 从此金銮
རྣམ་མང་ཐོས་སྲས་སེམས་དཔའ་རྟ་བདག་བརྒྱད།།
囊忙推塞森巴达哒给 多闻菩萨 偕八马主
འཁོར་བཅས་གནས་འདིར་མྱུར་དུ་གཤེགས་སུ་གསོལ་།།
阔杰内提纽涂西素随 以为眷属 祈速来临
མདུན་དུ་ལྷུན་ཆགས་གཟི་འབར་གཞལ་ཡས་ནང་།།
顿突伦洽思巴协耶囊 面前魁伟 无量威光
རབ་བརྗིད་གདོང་ལྔའི་དབང་པོ་འགྱིང་བའི་སྟེང་།།
柔吉东诶旺波给呗订 狮王雄姿 奋迅宝座
དགྱེས་པར་བཞུགས་ལ་རྣལ་འབྱོར་བདག་ཅག་གི།
给巴修拉内玖达嘉克 熙怡安住 成满我等
རེ་བ་སྐོངས་ཤིང་མཆོད་གཏོར་འདི་བསྣོམས་ཤིག།
日哇供形却哚提农西 行者所愿 纳此供食
དཀར་གསུམ་མངར་གསུམ་ལྷ་མིའི་བཟའ་བཅའི་ཚོགས།།
嘎颂阿颂拉玫撒杰措 三白三甜 人天珍馐
ཟག་མེད་ཡེ་ཤེས་བདུད་རྩིའི་རྒྱ་མཚོ་ཆེར།།
撒咪益西堆孜嘉催齐 无漏智慧 甘露大海
སྔགས་དང་ཏིང་འཛིན་ཕྱག་རྒྱས་བྱིན་རླབས་འདི།།
阿躺订怎洽杰钦漏提 真言三昧 契印加持
རྒྱལ་ཆེན་འཁོར་བཅས་དགྱེས་པ་བསྐྱེད་ཕྱིར་འབུལ།།
给钦阔杰给巴给齐蓓 供养承悦 天王偕眷
གསེར་གྱི་ལྷུན་པོ་ཉིན་བྱེད་འབུམ་འོད་ཀྱིས།།
塞克伦波宁齐奔维给 金山日照 俱胝宝光
འཁྱུད་འདྲ་ཡིད་འོང་དྲི་མིད་མཛེས་པའི་སྐུ།།
取扎益噢赤米贼呗咕 所怀悦意 无垢瑞身
འདོད་དགུའི་རེ་བ་སྐོངས་མཛད་ཡིད་བཞིན་ནོར།།
堆贵日哇供载益形诺 满众生愿 如摩尼宝
ཡིད་འཕྲོག་མགོན་པོ་ཁྱོད་ལ་ཕྱག་འཚལ་ལོ།།
益绰衮波却拉洽采洛 夺意怙主 我今敬礼
དཔག་མེད་བསྐལ་བའི་སྔོན་ནས་སངས་རྒྱས་ཀྱང།།
巴咪给呗温内桑给蒋 无量劫前 已成正觉
འགྲོ་སླད་ས་བརྒྱད་སེམས་དཔའི་ཚུལ་འཛིན་ཅིང་།།
卓列撒给森呗催怎经 然为众生 现八地相
ལ་ལར་འཇིག་རྟེན་སྐྱོང་བའི་རྣམ་པར་རོལ།།
拉啦吉颠炯维囊巴瑞 或于某处 示护世相
མགོན་སྐྱབས་དམ་པ་ཁྱོད་ལ་ཕྱག་འཚལ་ལོ་།།
衮玖躺吧却拉洽采洛 归处正怙 我今敬礼
རྩེ་གཅིག་གདུང་ཤུགས་དྲག་པོས་གསོལ་འདེབས་ཤིང་།།
孜吉东修查波随叠形 一心渴望 猛利祈请
བཟླས་བརྗོད་མཆོད་གཏོར་ལ་བརྩོན་བདག་ཅག་གི།
叠觉却哚啦尊达嘉克 念诵供食 我当精进
འདི་ཕྱིའི་རེ་བ་ཀུན་སྐོངས་བསམ་དོན་རྣམས་།།
提齐日哇衮供桑吞囊 现后诸愿 如法成就
ཆོས་བཞིན་འགྲུབ་པའི་འཕྲིན་ལས་ཡེངས་མེད་མཛོད་།།
却形珠呗辰列硬咪最 此诸事业 慎勿散逸
ཁྱེད་ཀྱེ་སེམས་ཅན་སོགས་དང་།
克给森坚所躺 汝遍利有情 赐随顺悉地
བཛྲ་མུས་གཤེགས་གསོལ་བྱ་།
班砸玫西随洽 归返自处已 启请再降临
བསྔོ་སྨོན་བྱའོ་།།
om vajramuh
嗡 日啰穆
祈请天王偕眷回归本处。后应回向、发愿。
ཅེས་པ་འདི་ནི་རྣམ་དཔྱོད་ལྡན་པ་ཨུ་ཅུ་མུ་ཆིན་ཤེས་རབ་གུ་ཤྲིས་བསྐུལ་བའི་ངོར་༧ཆོས་སྨྲ་བ་རོལ་པའི་རྡོ་རྗེས་སྦྱར་བ་དགེ་ལེགས་སུ་གྱུར་ཅིག་།། 此为具慧者乌珠穆沁·熙绕古室利祈请,由说法者若必多杰(第三世章嘉国师)所造。愿吉祥!沙门般灯壬寅年除夕恭译。
༄༅།།རྒྱལ་བའི་བསྟན་སྲུང་གཉན་པོ་རྣམས་ཀྱི་གཏོར་འབུལ་གྱི་མཇུག་ཏུ་སྦྱར་ཆོག་པའི་
འཕྲིན་བཅོལ་གྱི་ཚིགས་བཅད་དགྲ་ལས་རྣམ་པར་རྒྱལ་བའི་གད་རྒྱངས་ཞེས་བྱ་བ་བཞུགས་སོ།།
圣教护法暴怒尊供养献食后可
配用之请托事业颂 · 尊胜降敌笑
མཐུ་སྟོབས་དབང་ཕྱུག་བསྟན་སྲུང་ཆེན་པོ་ཁྱོད།།
突兜旺邱颠颂千波却 威力势自在 汝大护法尊
བསྟན་དགྲ་ཡོངས་ཀྱི་སྲོག་ལ་ཆེར་རྔམས་པ།།
颠扎雍给嗦拉齐昂巴 一切教法敌 于汝皆惶怖
ཐོགས་མེད་སྟོང་གསུམ་མྱུལ་བའི་རྩལ་པོ་ཆེ།།
脱米东颂纽维贼波齐 游行三千界 无碍勇猛士
ཆོས་བཞིན་སྒྲུབ་ལ་བུ་བཞིན་སྐྱོང་ཞེས་གྲགས།།
却形珠拉普形炯协扎 如法修行者 守护如独子
འདི་ན་ཁྱོད་ལ་རེ་ལྟོས་འཆལ་བ་ཡི།།
提那却拉日堆切哇益 此为汝所愿 具誓瑜伽师
དམ་ལྡན་རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱི།།
当颠内玖达嘉阔杰给 于汝起希冀 我等及眷属
བསྟན་འགྲོར་ཕན་པའི་ལྷག་བསམ་ཆེར་བསྐྱེད་དེ།།
颠卓潘呗拉桑齐给提 生大增上意 利圣教众生
བཤད་སྒྲུབ་ཆོས་ཀྱི་བྱ་བ་བྱེད་པ་ལ།།
协珠却给洽哇切吧拉 作讲说修行 诸正法事业
མདའ་ལྔའི་དུག་གི་མྱོས་པའི་སྐྱེ་བོ་ཡི།།
达诶突克虐呗给喔益 为五箭剧毒 迷醉诸士夫
བར་དུ་གཅོད་པའི་སྦྱོར་བ་རྩོམ་པ་སོགས།།
帕突觉呗玖哇宗巴嗦 其所发精勤 修行中断等
བརྙས་ཤིང་མཐོ་མཚམས་དོར་བསྔོ་གླགས་ལྟ་ན།།
捏形吞赞脱哦腊达那 诋毁及陷害 现此过患时
སྟོབས་ལྡན་དྲག་པོའི་རྣོ་མྱུར་རྩལ་མ་ཞན།།
多颠查波诺纽载玛贤 具力勇猛尊 速利勿倦怠
རྫུ་འཕྲུལ་ཤུགས་ཀྱི་མགྱོགས་འགྲོས་བང་མ་བུལ།།
组垂修给玖追帮玛蓓 神变威德力 疾行勿迟缓
རྡོ་རྗེ་ཐོག་འདྲའི་མཚོན་ཆའི་དབལ་མ་རྡུལ།།
多吉脱摘寸切呗玛堆 金刚如雷霆 利器锋勿钝
བཟོད་དཀའ་འབར་བའི་གཟི་བརྗིད་ཟིལ་མ་ཆུང་།།
随嘎巴维撕吉丝玛琼 难忍炽盛火 威光焰勿熄
ཁྲོ་གཏུམ་རྔམས་པའི་ཤུགས་ཆེན་ད་བསྐྱེད་ཅིག།
绰东昂呗修钦塔给吉 盛怒甚可怖 今请发猛力
སྡང་བའི་དགྲ་འདིས་དམ་ཆོས་བསྒྲུབ་ལ་ཚེ།།
当维扎提躺却珠拉次 于修正法时 此等诸怨敌
དཀོན་མཆོག་དབུ་འཕང་སྨད་ཅིང་ཁྱོད་ལ་བརྙས།།
衮邱吾胖灭经却拉捏 轻毁三宝果 于汝兴侮蔑
ཉེས་མེད་འགྲོ་ལ་གཤེ་ཞིང་གླགས་འཚོལ་བས།།
尼咪卓拉西形拉催维 于无辜众生 寻衅而诋毁
འདི་དག་བཏང་སྙོམས་བཞག་པར་ཇི་ལྟར་རིགས།།
提达当纽夏巴吉达日 若将此置舍 岂有如是理
གལ་ཏེ་ལས་འདི་ཁྱོད་ཀྱིས་མ་སྒྲུབས་ན།།
克滴列提却给玛珠那 此等诸事业 若汝未成办
རིག་འཛིན་བླ་མའི་བཀའ་ཡང་ཁྱོད་ཀྱིས་བཅག།
日增拉玫嘎央却给嘉 则汝实悖逆 持明师长教
སྔགས་འཆང་རྒྱུད་པའི་དབུ་འཕང་ཁྱོད་ཀྱིས་སྨད།།
啊强聚呗吾胖却给灭 汝亦为轻毁 持咒续师位
རིག་འཛིན་བདག་གི་རེ་ཐག་ཁྱོད་ཀྱི་བཅག།
日增达克日塔却给嘉 汝亦为违背 持明我之愿
དེ་ཕྱིར་མཐུ་དང་ནུས་པའི་དཔུང་བསྐྱེད་ལ།།
提齐突躺女呗部给拉 是故当召集 大势力军阵
འཇིགས་པའི་ཆོ་འཕྲུལ་འབུམ་གྱི་དགྲ་བོ་ཆོམས།།
吉呗邱垂部克扎喔琼 摧伏可怖众 十万灾异敌
ནད་རིམས་བྱུར་ཁ་འབུམ་གྱི་ཐལ་བར་རློག།
内仁邱咔部克贴哇洛 粉碎瘟疫难 十万众祸患
དགྲ་བོའི་སྲོག་དབུགས་ད་ལྟ་ཉིད་དུ་བསྡུས།།
扎喔随吾塔达尼突堆 怨敌命与寿 今此当索夺
ཕ་རོལ་ནན་གཏད་བྱུར་ཁ་རྦོད་གཏོང་བཟློག།
帕瑞念叠邱咔蓓东哚 他方诸厌胜 蛊祸皆回遮
མི་ཁ་བྱུར་ཁ་ལྟས་ངན་དགྲ་ལ་བསྒྱུར།།
米咔邱咔叠诶扎拉玖 毁詈及恶兆 反噬于怨敌
རྒྱལ་བཙན་བདུད་ཀྱི་ཚོ་འཕྲུལ་དགྲ་ལ་བྷྱོཿ
给赞堆给措垂扎拉玖 gui 魅妖魔众 灾异敌众觉
དུག་མཚོན་མེ་ཆུ་སྐེག་ངན་འཇིགས་པ་བཟློག།
突寸米邱给诶吉吧哚 毒兵水火难 恶煞皆回遮
བདུད་ལས་རྣམ་པར་རྒྱལ་བའི་རུ་མཚོན་འཕྱར།།
堆列囊巴给维汝寸洽 尊胜降魔旗 今此当扬起
སྔགས་འཆང་བདག་ཅག་བསམ་དོན་ཆོས་བཞིན་སྒྲུབས།།
阿羌达嘉桑屯却形珠 我等持咒师 如法希愿成
ཆོས་སྲིད་དཔལ་འབྱོར་དབྱར་མཚོ་བཞིན་དུ་སྤེལ།།
却撕呗玖呀措形突呗 教政皆繁盛 增长如夏海
དགེ་ལེགས་ཕྱོགས་བཅུར་རྒྱས་པའི་འཕྲིན་ལས་མཛོད།།
给列邱玖给呗辰列最 贤善遍十方 广大事业兴
ཅེས་རྒྱལ་བའི་བསྟན་སྲུང་གཉན་པོ་རྣམས་ཀྱི་གཏོར་འབུལ་གྱི་མཇུག་ཏུ་སྦྱར་ཆོག་པའི་འཕྲིན་བཅོལ་གྱི་ཚིགས་བཅད་དགྲ་ལས་རྣམ་པར་རྒྱལ་བའི་གད་རྒྱངས་ཞེས་བྱ་བ་འདི་ནི།།འཇམ་དཔལ་གཤིན་རྗེ་གཤེད་ལ་ཡི་དམ་དུ་བྱེད་པའི་རིག་པ་འཛིན་པ་ལྕང་སྐྱ་རོལ་པའི་རྡོ་རྗེས་ལྷ་ལྡན་སྤྲུལ་པའི་གཙུག་ལག་ཁང་གི་ཉེ་འདབས་སུ་སྦྱར་བའི་ཡི་གེ་པ་ནི་དགེ་ཚུལ་དགེ་ལེགས་ནམ་མཁའ་བགྱིས་པ་དགེ་ལེགས་འཕེལ།། བཀྲ་ཤིས་པར་གྱུར་ཅིག། །། 此《圣教护法暴怒尊供养献食后可配用之请托事业颂·尊胜降敌笑》,以妙吉祥大威德为本尊之持明者章嘉·若必多杰于拉萨大昭寺近前撰文,由勤策格列南喀笔录。贤善增长!愿吉祥!由东珠沃色居士祈请,沙门般灯恭译。
