作明佛母·怀业祈请颂

作明佛母·怀业祈请颂

|“沃唐卡”官网全站导航|

沃唐卡官方告知:由于一些唐卡画师的手机像素偏低,有的唐卡实拍图未必能清晰表达出整幅唐卡的效果,需要订购和了解详情的朋友可联系沃唐卡,告知唐卡编号即可了解该唐卡的细节及相关介绍。

“沃唐卡”官方唐卡(中国唐卡)评估等级/品类标准:

【入门级/精品级--旅游纪念品】--【珍藏级--工艺美术品】--【收藏级与艺术级--收藏艺术品】

|沃唐卡·特定卡目录|←此处目录可参考后咨询定制

|已结缘·可参考定制|←此处唐卡可参考后定制

|待结缘·可恭请唐卡|←此处唐卡可恭请结缘

|可参考·古唐卡唐卡|←沃唐卡古唐卡图册索引

|沃唐卡·图库目录|←沃唐卡图库目录字典下载

沃唐卡24小时短信咨询热线:13661344269(沃唐卡物流部客服与提供“沃唐卡”唐卡编号可通过短信询价)

沃唐卡微信(wechat)咨询号:MasterQiRu(请朋友们注明来意和需求·收藏级与艺术级唐卡设计定制)

沃唐卡官方咨询邮件地址:wotangka@qq.com(唐卡寄卖·合作咨询·相关学习咨询等)

࿑ ལྷ་མོ་ཀུ་རུ་ཀུལླེའི་བསྟོད་པ། 作明佛母·怀业祈请颂

࿑ ལྷ་མོ་རིག་བྱེད་མའི་བསྟོད་སྨོན་དབང་སྡུད་གསོལའདེབས།།

《 作明佛母怀业祈请颂 》

༄༅།།བཅོམ་ལྡན་འདས་མ་རིག་བྱེད་དབང་མོ་ལ་བསྟོད་པ་དང་འབྲེལ་བརྟན་གཡོ་ལེགས་

ཚོགས་འགུགས་པའི་གསོལ་འདེབས་རྫོགས་ལྡན་སྤྲིན་ཕུང་ཞེས་བྱ་བ་བཞུགས་སོ།།

【 作 明 佛 母 颂 】

— 暨祈祷勾招情器世间诸善妙聚圆满云 —

༧དགའ་ལྡན་ཁྲི་ཐོག་བརྒྱ་པ་རྗེ་བཙུན་བློ་བཟང་ཉི་མས་མཛད།

第一百任甘丹赤巴法王洛桑尼玛仁波切着

༈ ན་མོ་ཀུ་རུ་ཀུ་ལེ་ཡེ།།

南 摩 咕 汝 咕 列 耶

གདོད་ནས་སྤྲོས་བྲལ་ཆོས་དབྱིངས་སུ།།

堆内 追摘 却英素 本来离戏法界中

པཾ་ལས་ཆུ་སྐྱེས་གེ་སར་རྩེར།།

帮列 曲给 克撒孜 榜字所生莲蕊端

ཉི་དཀྱིལ་དབུགས་བྲལ་བམ་རོའི་སྟེང་།།

尼给 吾拆 帮瑞顶 日轮为垫死尸上

ཧྲཱི་དམར་འོད་ཟེར་ཕྱོགས་གཅུར་འཕྲོས།།

释玛 维塞 邱玖垂 舍字红光照十方

དོན་གཉིས་འཕྲོ་འདུ་སྨིན་པ་ལས།།

吞尼 绰渡 敏巴列 收散二利成熟已

དབང་གི་ལྷ་མོ་སྒེག་ལྡན་མ།།

旺克 拉莫 给颠玛 大权天女妙端严

རབ་དམར་བྱུ་རུའི་ལྷུན་པོ་ལ།།

柔玛 邱瑞 伦波拉 簇拥红珊须弥山

ཉི་གཞོན་འབུམ་གྱིས་འཁྱུད་པ་དང་།།

尼选 绷克 趋巴唐 犹如十万朗耀日

སྒྱུ་སྐར་དོ་ཤལ་དགོད་པ་བཞིན།།

玖噶 吞协 归巴形 众星环列为璎珞

རུས་པའི་རྒྱན་དྲུག་ཕྱག་རྒྱ་ལྔས།།

瑞呗 根楚 洽嘉诶 六妙骨饰五印严

བརྒྱན་ཅིང་བརྒྱ་ཕྱེད་ཐོད་ཕྲེང་གིས།།

跟经 嘉齐 推辰克 半百骷髅以为鬘

མགུལ་བར་རིང་དུ་འཕྱང་པའོ།།

归哇 仁突 强巴哦 颈上垂垂正飘摇

ཟག་མེད་བདེ་བས་ནུ་འབུར་རྒྱས།།

撒米 迭维 努普给 无漏大乐乳丰盈

བྱུ་རུའི་ལྕུག་ཕྲན་ཞབས་ཟུང་གིས།།

邱瑞 玖禅 修颂克 杨柳双足红若珊

བརྐྱངས་བསྐུམ་གར་སྟབས་བམ་རོ་མནན།།

蒋供 嘎逗 帮若楠 屈伸舞姿踏死尸

པད་རག་འཕྲི་ཤིང་གཞོན་ནུ་ཡིས།།

呗 囸 赤形 选努益 若纤嫩藤红宝色

ཚད་མེད་བཞིའི་ཕྱག་ཟུང་གཉིས་ཀྱིས།།

采米 西洽 颂尼给 四无量手适两双

ཨུཏྤལ་མདའ་གཞུ་རྣ་དྲུང་འགེངས།།

吾呗 达修 那充根 执莲弓箭满耳畔

ཡིད་བསྲུབས་གཡུལ་ལས་རྣམ་པར་རྒྱལ།།

益素 玉列 囊巴根 战胜恶心扰意敌

ལྕགས་ཀྱུ་རིན་ཆེན་ཞགས་པ་ཡིས།།

嘉玖 仁钦 夏巴益 以利钩及珍宝索

གདུང་མེད་དྲེགས་ལྡན་མ་ལུས་པའི།།

东米 赤颠 玛履呗 一切无恼骄慢者

སྙིང་ལ་འབེབས་ཤིང་བསྣུན་པ་ལས།།

宁拉 比形 暖巴列 击刺正中彼心间

དབང་དུ་འགུགས་ཤིང་ལྷོད་མེད་འཆིང་།།

旺突 咕形 略米清 威权摄伏无缓松

གཏུམ་མོའི་མེས་བཞུ་བདེ་བ་ཡི།།

东莫 玫修 迭哇益 猛厉拙火融大乐

སྟག་གི་པགས་པའི་ཤམ་ཐབས་འཛིན།།

达克 巴呗 像透怎 以猛虎皮为裙裳

ཞལ་གཅིག་སྤྱན་གསུམ་ཟུར་མིག་གིས།།

协吉 坚颂 素米克 一面三目媚睨视

བརྟན་གཡོ་དངོས་ཀུན་དབང་དུ་བསྡུས།།

颠呦 维衮 旺突堆 统摄一切情器间

ལྗགས་འདྲིལ་ཚེམས་དཀར་དགོད་པ་ལས།།

嘉赤 岑嘎 归巴列 舌卷洁白皓齿陈

སྦྲང་རྩི་ཟས་ཅན་ཡིད་གཉིས་འཆོར།།

账孜 塞坚 益尼邱 夺意美食甘如蜜

སྨིན་མ་སྨྲ་ར་དམར་སེར་འབར།།

敏玛 嘛 囸 玛撕巴 须眉炽燃红焰艳

སྲིད་པའི་བུད་ཤིང་ལྷག་མེད་བསྲེགས།།

撕呗 培形 拉米撕 烧三有薪烬无余

མཐོན་མཐིང་དབུ་སྐྲ་གྱེན་བརྫེས་པས།།

吞挺 吾扎 根孜呗 顶髻高高靛色美

སྐུ་གསུམ་གོ་འཕང་མཆོག་བརྙེས་མཛད།།

咕颂 阔胖 邱尼载 乃得三身胜果位

གངས་རིའི་ཕྲེང་བའི་ཐོད་སྐམ་གྱིས།།

康日 辰维 推刚克 如连雪山五颅骨

རིགས་ལྔ་རྒྱལ་བའི་ཡོན་ཏན་རྫོགས།།

日阿 给呗 元颠佐 五方诸佛功德圆

དགའ་བ་བཅུ་དྲུག་ཆ་རྫོགས་པས།།

嘎哇 玖楚 洽佐呗 十六大喜支分具

བཅུ་དྲུག་ལང་ཚོ་འཛུམ་པར་མཛད།།

玖楚 朗措 怎巴载 十六妙龄笑盈颜

རྒྱ་སྐྱག་ཁུ་བའི་བྱུགས་མིན་ཡང་།།

嘉佳 枯维 邱敏央 未以胭脂作涂抹

ཆུ་ལྷའི་རིའི་ངོས་མདངས་བཟང་འཕྲོག།

邱嘞 日维 当桑绰 容丽已映水天山

སྦྱིན་ཟའི་ཕུང་པོའི་དབུས་བཞུགས་པས།།

钦塞 彭波 维修呗 住于熊熊火聚中

འཕྲིན་ལས་བཞི་ཡིས་འགྲོ་དོན་མཛད།།

辰列 西益 卓吞载 以四事业利众生

སྲིད་ཞིའི་མཚར་སྡུག་ཀུན་སྤུངས་པ།།

撕西 擦渡 衮绷巴 有寂一切妙丽聚

སྐྲ་ཡི་ཆ་ཙམ་མཚོན་མེད་པས།།

扎益 洽赞 村玫呗 难喻尊身毫发许

ཁྱོད་སྐུ་བྱུ་རུའི་རྡུལ་བརྩེགས་པའི།།

却咕 邱瑞 堆孜呗 若珊瑚尘聚须弥

རི་དབང་ཆ་ལས་རྡུལ་ཕྲན་ཙམ།།

日旺 洽列 堆禅赞 我唯能赞一尘分

བསྟོད་ནས་ཡུས་ཀྱིས་གསོལ་བ་ནི།།

堆内 玉给 随哇尼 矜心祈祷圣尊前

འགྱུར་བ་མེད་པའི་རྡོ་རྗེའི་སྐུ།།

玖哇 玫巴 多吉咕 恳祈无动金刚身

རབ་འབྱམས་སྒྱུ་འཕྲུལ་བཀོད་པ་ཡིས།།

柔蒋 玖垂 归巴益 现呈无边诸幻化

སྲིད་དང་ཞི་བའི་དྭངས་བཅུད་ཀུན།།

撕躺 西维 唐聚衮 有寂一切凈精华

འབད་མེད་དབང་དུ་སྡུད་མཛད་གསོལ།།

呗米 旺突 堆贼随 无励任运皆摄集

འགགས་མེད་གསུང་གི་བཞད་སྒྲ་དང་།།

嘎米 颂克 协扎躺 无有滞碍语笑音

འོད་དམར་ཞགས་པ་ལྕགས་ཀྱུ་ཡིས།།

维玛 夏巴 嘉玖益 罥索利钩红光射

ཕུན་ཚོགས་སྡེ་བཞིའི་ལེགས་ཚོགས་ཀུན།།

喷措 迭西 列措衮 四部圆满众妙聚

དབྱར་གྱི་སྤྲིན་བཞིན་སྡུད་མཛད་གསོལ།།

亚克 珍形 堆载随 犹如夏云祈摄集

ཇི་ལྟ་ཇི་སྙེ་ཐུགས་ཀྱི་ནི།།

吉达 吉尼 突给尼 由障如尽所有智

ཤེས་ཉོན་སྒྲིབ་པས་བསྐུལ་བ་ཡིས།།

协元 直呗 归哇益 烦恼所知障所催

ལས་རླུང་ཕོ་ཉའི་འགྲོས་བཅོམ་སྟེ།།

列隆 颇捏 追炯滴 业风之使游动灭

བདུད་བཞི་དབྱིངས་སུ་སྡུད་མཛད་གསོལ།།

堆西 英素 堆载随 祈摄四魔于法界

བཤད་སྒྲུབ་དྲི་མེད་འདབ་བརྒྱའི་ཚལ།།

协珠 赤米 逗给采 无垢讲修妙莲苑

ལུང་རིགས་སྦྲང་རྩི་དོགས་པ་ཡིས།།

隆日 涨孜 哚巴益 疑有教证上味蜜

འཆད་རྩོད་རྩོམ་པའི་དབྱངས་སྙན་པའི།།

切最 宗呗 央念呗 故发讲辩着妙音

སྐལ་བཟང་བུང་བ་ཀུན་སྡུད་གསོལ།།

给桑 绷哇 衮堆随 善缘蜂群祈摄集

ཚུལ་ཁྲིམས་ས་གཞི་ལས་ཐོན་པའི།།

催辰 撒西 列吞呗 凈戒为基大地上

ཐོས་བསམ་རླན་གྱིས་གསོས་པ་ཡི།།

推桑 联克 随巴益 润以闻思令长养

ཏིང་འཛིན་ཡོངས་འདུ་ལྗོན་བཟང་གི།

顶怎 雍渡 卷桑克 禅定如意妙香树

སྒོམ་བྱུང་འབྲས་བུ་སྡུད་མཛད་གསོལ།།

供琼 摘普 堆载随 修所得果祈摄集

རྒྱལ་སྲས་སྤྱོད་པ་རྒྱ་མཚོ་ལས།།

给塞 觉巴 嘉措列 佛子伟行大海中

ཐབས་ཤེས་གྲུ་གཟིངས་ལེགས་བསྡམས་ཏེ།།

投西 楚森 列当滴 善治方便智慧舟

ལེ་ལོའི་རླུང་གིས་མི་བསྐྱོད་པས།།

列略 隆克 米觉呗 勿为懈怠风所动

འཕགས་པའི་ནོར་ཀུན་སྡུད་མཛད་གསོལ།།

帕呗 诺衮 堆载随 祈摄一切圣珍财

སྐྱེ་ཤི་བར་དོར་ཀུན་སྦྱངས་པའི།།

给西 帕堆 衮蒋呗 生死中阴皆凈化

སྨིན་བྱེད་བསྐྱེད་པའི་རིམ་པ་ཡི།།

勉齐 给呗 仁巴益 能熟生起之次第

ཕྲ་རགས་ལྷ་ཡི་རྣལ་འབྱོར་ཀུན།།

查 囸 拉伊 捏玖衮 一切粗细天瑜珈

གོམས་པ་ཀློང་དུ་སྡུད་མཛད་གསོལ།།

供巴 隆突 堆载随 串修任运祈摄集

སྟོང་ཕྲག་དོན་གཉིས་ལས་རླུང་དང་།།

东查 屯尼 列隆躺 千般二利之业风

འཁོར་འདས་རྒྱལ་པོ་སེམས་ཀྱི་རྟ།།

阔迭 给波 森给达 世出世间王心马

རྡོ་རྗེ་གསུམ་གྱི་རྣལ་འབྱོར་གྱིས།།

多吉 颂克 捏玖克 以三金刚之瑜珈

མ་ཐོག་དབང་དུ་སྡུད་མཛད་གསོལ།།

玛脱 旺突 堆载随 祈请无碍而摄集

ཞིང་རྡུལ་གྲངས་སྙེད་མཆོག་གསུམ་གྱིས།།

形堆 尝尼 邱颂克 佛剎微尘诸三宝

རྒྱལ་བ་རྒྱ་མཚོའི་སྤྲིན་སྔོན་ལས།།

给哇 嘉催 珍温列 诸佛大海蓝云中

བྱིན་རླབས་གྲུ་ཆར་རྟག་འཇོ་བས།།

钦漏 珠洽 达玖维 加持细雨恒意满

གྲུབ་གཉིས་ལོ་ཏོག་སྡུད་མཛད་གསོལ།།

珠尼 阔哚 堆载随 祈摄二种悉地果

འབད་དང་སྩོལ་བ་མི་དགོས་པའི།།

呗躺 最哇 米归呗 任运不待劬劳苦

ཡིད་བཞིན་ནོར་བུ་དཔག་བསམ་ཤིང་།།

益形 诺普 巴桑形 犹如如意宝树王

སེམས་ཅན་རེ་བ་སྐོང་མཛད་པའི།།

森坚 日哇 供载呗 能满有情诸希愿

བསམ་པ་འགྲུབ་པའི་བཀྲ་ཤིས་ཤོག།

桑巴 珠呗 扎西修 圆满吉祥临此间

ཞེ་བཅོམ་ལྡན་འདས་མ་རིག་བྱེད་དབང་མོ་ལ་བསྟོད་པ་དང་འབྲེལ་བརྟན་གཡོ་ལེགས་ཚོགས་མ་ལུས་དབང་དུ་འགུགས་པའི་གསོལ་འདེབས་རྫོགས་ལྡན་སྤྲིན་ཕུང་ཞེས་བྱ་བ་འདི་བཞིན་མདོ་སྟོད་ས་ཡི་ཐིག་ལེ་བཤད་སྒྲུབ་ཀྱི་སྟི་གནས་རྫ་སེར་ཤུལ་དགོན་པའི་བསྟན་བདག་དཔོན་ཚང་མཆོག་སྤྲུལ་རིན་པོ་ཆེ་ཐུབ་བསྟན་སྙན་གྲགས་ཆོས་ཀྱི་རྒྱལ་མཚན་རིན་པོ་ཆེ་མཆོག་དང་།སེར་བྱེས་བྱ་བྲལ་ཁང་ཚན་དགེ་སློང་ཐོས་བསམ་ཟུང་ནས་རྟེན་བཅས་བསྐུལ་མ་བྱུང་བ་བཞིན་དགའ་ལྡན་ཁྲི་ཐོག་བརྒྱ་བ་རྣམ་གྲྭ་མཁན་ཟུར་འབྲས་བློ་གླིང་ཚ་བ་རབ་འབྱམས་པ་བློ་བཟང་ཉི་མ་ནས་རྒྱ་གར་ལྷོ་ཕྱོགས་ཀརཎ་ཏྲའི་མངའ་ཁོངས་མོན་གྷོ་འབྲས་སྤུངས་ཆོས་སྡེའི་ཉེ་འདབ་བུང་བ་རྣམ་པར་རྩེན་པའི་ལྡིང་ཁང་དུ་ཕྱི་ལོ་༢༠༠༡ ཟླ ༡ཚེས ༡ ལ་སྦྱར་བའོ།། །། 此作明佛母颂–暨祈祷勾招一切情器世间诸善妙聚圆满云,由多朵宝地、讲修中心、扎溪卡色须寺寺主本仓化身——图布丹却吉坚赞(能仁教法幢),及色拉杰夏扎康参比丘图桑(闻思)二位劝请,第一百世甘丹赤巴、南扎堪色、哲罗陇擦瓦 — 博士洛桑尼玛(善慧日)作于印度南部、甘那扎所属的蒙果哲蚌寺附近附近蜂嬉室中。宗峰法师译。

(0)
上一篇 2020-01-28 23:37
下一篇 2020-01-28 23:42

相关推荐

唐卡预定·唐卡定制·唐卡设计·唐卡艺术品投资可联系微信(wechat)号:MasterQiRu