多罗拉姆空行母(年龙佛母)之教言

多罗拉姆空行母(年龙佛母)之教言

|“沃唐卡”官网全站导航|

沃唐卡官方告知:由于一些唐卡画师的手机像素偏低,有的唐卡实拍图未必能清晰表达出整幅唐卡的效果,需要订购和了解详情的朋友可联系沃唐卡,告知唐卡编号即可了解该唐卡的细节及相关介绍。

“沃唐卡”官方唐卡(中国唐卡)评估等级/品类标准:

【入门级/精品级–旅游纪念品】–【珍藏级–工艺美术品】–【收藏级与艺术级–收藏艺术品】

|沃唐卡·特定卡目录|←此处目录可参考后咨询定制

|已结缘·可参考定制|←此处唐卡可参考后定制

|待结缘·可恭请唐卡|←此处唐卡可恭请结缘

|可参考·古唐卡唐卡|←沃唐卡古唐卡图册索引

沃唐卡24小时短信咨询热线:13661344269(提供“沃唐卡”唐卡编号可通过短信询价)

沃唐卡微信(wechat)咨询号:MasterQiRu(请朋友们注明来意和需求·收藏级与艺术级唐卡设计定制)

多罗拉姆空行母(年龙佛母)之教言

空行母达热拉姆,即伊喜措嘉真实化身,空行母色拉康卓的转世者。她是伟大的女伏藏师,与年龙寺大圆满成就者邬金晋美南卡朗巴(年龙佛父)共同开启伏教法藏,利益浊世众生,被尊称为年龙上师父母仁波切。

༈ གདམ་ངག་སེམས་འཛིན་དྲ་པའི་མུ་འཁྱུད་བཞུགས།

教言.持心正念之环围

མཛད་པ་པོ། མཁའ་འགྲོ་ཏཱ་རེ་ལྷ་མོ།

作词: 十万空行之主尊

多罗拉姆空行母(年龙佛母)

ཨ་ཧོ༔

阿火

འཇིག་རྟེན་འཁོར་བའི་བྱ་བ་རྩེད་མོ་ལས་མི་འདུག༔

世间轮回所做嬉戏外无他

བྱིས་པའི་བྱ་བ་ཡིན་པས་དོན་སྙིང་ནི་མ་མཆས༔

凡夫行为故而了无实义也

འཁོར་འདས་གཉིས་ཀ་རྫུན་པས་བདེན་གྲུབ་ནི་མི་འདུག༔

轮涅二皆虚假不诚实有故

དེས་ན་གཟུང་འཛིན་འཁྲུལ་བའི་འཆིང་བ་འདི་ཁྲོལ་དགོས༔

因此当须解脱执持之束缚

འདོད་ཡོན་ལྔ་ཡི་ལོངས་སྤྱོད་རི་ལྟར་ནི་སྤུངས་ཀྱང༔

五欲受用纵然堆积似山峰

རྟག་འཛིན་མ་བྱེད་བདེན་མེད་སྒྱུ་མ་དང་རྨི་ལམ༔

切勿执常无实如幻亦如梦

གཟུགས་མཛེས་ལང་ཚོ་རྒྱན་ལྡན་ལྷ་འུ་ཡི་བུ་ཆུང༔

美丽韶华庄饰天神之幼子

སྐད་ཅིག་མི་རྟག་ནམ་ཟླའི་རྩི་ཐོག་དང་འདྲ་འོ༔

刹那无常一如应季之果实

ན་ཆུང་བྱིས་པའི་ནུ་ཞོ་ཡུན་བཏུང་རེ་འདོད་ཀྱང༔

年少童子虽欲力量略长久

འཆི་བདག་ལས་ཀྱི་གཤིན་རྗེས་ཕྱི་མ་རུ་ཁྲིད་འགྲོ༔

死主业力阎魔却引向来生

སྦྲང་མས་རྩི་བཅུད་འདོད་ཀྱང་གྲང་ལྷགས་ལ་ཐུག་ཡོང༔

蜜蜂虽欲蜂蜜寒冷已接近

གློ་བུར་ཨ་སྔོན་སྤྲིན་བྲལ་སད་མདའ་ཡིས་བཅོམ་འགྲོ༔

无云苍穹骤然霜露比相侵

རྒན་ཁོག་སྐྲ་ལོ་དཀར་ཡང་ཕུགས་རིང་ཞིག་ལབ་འདུག༔

老朽纵然白发亦说想长寿

མི་རྟག་ནམ་མཁའི་གློག་བཞིན་འཆི་བདག་ནི་སླེབས་ཚེ༔

空中电般无常死主必来临

ཨ་ཕོས་སྡོད་ཆས་བསྒྲིག་པ་ངོ་ཚ་ཡི་གནས་ཡིན༔

好汉长久准备成为羞愧境

བཙན་ཕྱུག་སྙན་གྲགས་འདོད་པ་ཆོས་བརྒྱད་ཀྱི་བུ་ཆུང༔

强富美名贫欲八法之顽童

དཔོན་སྡེ་འབངས་འཁོར་སྐྱོང་བའི་ཕ་ཆུས་ནི་གཏམ་འདུག༔

虽说首领成眷前来作守护

མི་སྡོད་ཕྱི་མར་འགྲོ་ཚེ་གཉེན་གྲོགས་ཞིག་ཕར་ཞོག༔

必死去求生时放弃亲友众

ནག་པོའི་ལས་འབྲས་མི་ཐེག་ཁུར་ཆེན་དེ་ཁུར་ནས༔

黑色业过不胜荷担必重负

ཕ་ཞིང་ཕ་མཁར་བསྐྱུར་ནས་ཕར་རྒྱབ་ལ་འགྲོ་དུས༔

放弃父田母舍反向而行时

བློ་གཏད་སུ་ལ་འཆའ་ན་དཀོན་མཆོག་གསུམ་ཡིན་པས༔

心念向谁信任唯独三宝尊

འབྲལ་མེད་གཙུག་ཏུ་འཛིན་དགོས་ཨ་ཕོ་ལ་སྙིང་གཏམ༔

教汝当须无离顶间即衷言

ལྷ་བཙན་གྲོང་ཆོག་རློམ་པའི་བན་སྔགས་རྣམས་གསོན་དང་༔

大德做以咒轨僧咒请谛听

འདི་ཕྱི་ཐུབ་པའི་ལུས་སེམས་གདེང་ལྡན་རེ་མེད་ན༔

若非今生来世把握己身心

དད་གཤིན་མང་པོའི་ཟས་ནོར་འཛེམ་མེད་ལ་མ་སྤྱོད༔

切勿无度受用信施亡者财

མི་སྡོད་ཕྱི་མར་འགྲོ་ཚེ་ཨ་ཁུ་ལ་དཀའ་འོང༔

必死往来生时此人将艰辛

འདོད་ཆུང་ཆོག་ཤེས་བསྟེན་དགོས་རྒན་མོའི་ནི་ཁ་ཏ༔

当须少欲知足老妪我所言

བརྩེ་གདུང་འདུན་མ་ཆེ་ན་སེམས་ལ་རེ་ཆོངས་ཤིག༔

若具哀悯计划当记于心中

ཆོས་མཐུན་གྲོགས་དང་འགྲོགས་ནས་དགེ་སྦྱོར་ལ་རེམ་རེམ༔

伴随顺法伴侣速速做善行

གཏན་གྱི་འདུན་མ་དམ་པའི་ལྷ་ཆོས་ལ་འབུངས་ན༔

永恒筹计若于正法做勤勇

འདི་བདེ་ཕྱི་བདེ་གཏན་བདེའི་སྐྱིད་མགོ་རེ་ཚུགས་འོང༔

今生来世永恒安乐便能成

རྟོག་ཚོགས་སྤོས་རྒྱའི་རི་མོ་རྗེས་དེད་ཀྱིས་བརྐྱངས་ན༔

若随念聚如求燃香所成形

དུག་ལྔ་ལམ་ཁྱེར་མ་ཤེས་བག་ཆགས་རེ་བསགས་འདུག༔

不知五毒道用仅是习气增

ཐར་མེད་འཁོར་བའི་གྲོང་ན་ཨ་ཁུ་རེ་དཀའ་འདུག༔

难逃轮回城中僧人将艰辛

འཁོར་འདས་བདེན་གྲུབ་མ་མཆིས་སྒྱུ་མ་ལྟར་རྟོགས་ན༔

轮涅了无实有如幻倘能证

གང་ལ་རྟག་འཛིན་མི་དགོས་སྟོང་ཉིད་རེ་ཤེས་འོང་༔

悉皆了无常执了知其空性

ཕར་བཅད་ཚུར་ལ་འཛིན་པའི་བློ་ངན་དེ་སྐྱུར་ཐོང༔

放弃断彼执着于此恶念心

ང་བདག་གཟུང་འཛིན་འཁྲུལ་བའི་འཆིང་རྒྱ་དེ་དམ་པོ༔

无我执着紧紧迷乱束缚紧

ང་བདག་གཟུང་འཛིན་འཁྲུལ་བའི་འཆིང་རྒྱ་དེ་དམ་པོ༔

断以无我般若智慧之利刃

བདག་མེད་ཤེས་རབ་རལ་གྲི་ངར་མ་དེས་བཅད་ནས༔

超度引至大空手印之镜中

སྟོང་ཆེན་ཕྱག་རྒྱའི་ལྷུམས་སུ་བསྒྲལ་འདྲེན་ལ་དྲོངས་ཐོང་༔

依止爱旺暴怒炽然之短阿

ཨེ་ཝཾ་གཏུམ་ཆེན་འབར་བའི་ཨ་ཐུང་ལ་བརྟེན་ནས༔

智慧妙力炽然杭字之乐融

ཡེ་ཤེས་རྩལ་ཆེན་འབར་བ་ཧཾ་ཡིག་གི་ཞུ་བདེ༔

受用等合阿耆尼尊之烧供

མཉམ་སྦྱོར་ཨགྣེ་རཱ་ཛའི་སྲེག་བླུགས་སུ་བཞེས་ཐོང་༔

奉此离喜大乐供养之最胜

དགའ་བྲལ་བདེ་ཆེན་མཆོག་གི་མཆོད་པ་འདི་ཕུལ་བས༔

毁犯忏悔持明上师皆足欣

ནོངས་བཤགས་རིག་འཛིན་བླ་མའི་དགྱེས་པ་རུ་བསྐངས་ནས༔

阿拉拉火好汉心意当足矣

ཨ་ལ་ལ་ཧོ་ཨ་ཕོའི་ཐུགས་ཚིམས་རེ་མཛོད་ཅིག༔

ཧ་ཧ༔

哈哈

མ་རྒན་ན་སོང་གནས་མོ་འཕང་འཛིན་ཚོས་ཉོན་དང༔

老母已病主母持眷众谛听

བྱིས་པ་མདོ་མེད་རྩེ་བགད་བག་ཡེངས་ལ་ཟད་ནས༔

顽童无首嬉笑散漫尽此生

དམ་ཆོས་སྒྲུབ་བློའི་སེམས་མེད་སྤང་བླང་ནི་མི་ཤེས༔

不知取舍了无修行正法心

ཆོས་ལ་སྐལ་བ་མ་མཆིས་དབང་སྐལ་ནི་ཆད་སོང་༔

于法无有缘分机会即断尽

མི་དགེའི་ལས་སྣ་མང་པོ་ཤེས་ཤེས་སུ་འདུག་མོད༔

不善诸多杂事虽说悉了知

དཀར་པོའི་ཆོས་ལ་མི་དགའ་སྡིག་གྲོགས་དང་འགྲོགས་ནས༔

不乐纯净善法伴随恶友众

དོན་མེད་བྱ་བྱེའུ་འབུ་སྲིན་ཁྱི་འཁྱམས་ནི་རྡོ་བརྡུང་༔

对于父母嗔恚忤逆粗语频

མ་རབས་མནའ་སྐུག་དམོད་ངན་འདྲ་མིན་རེ་འདོན་ཤེས༔

专于悲苦畜道逞能显英勇

ཞེ་སྡང་ཁ་ལོག་ཚིག་རྩུབ་ཕ་མ་ལ་བྱེད་འདུག༔

毫无知晓无首迷茫众谛听

གཉོམ་ཆུང་དུད་འགྲོའི་སྟེང་ལ་དཔའ་བོ་རེ་ཡིན་སྙམ༔

说无今生来世却会往来生

ཅི་ཡང་མི་ཤེས་བྱིས་པ་མགོ་འཁོར་རྣམས་ཉོན་དང་༔

无益大悲此即堕落恶趣因

འདི་མེད་ཕྱི་མེད་བྱིས་པ་ཕྱི་མ་རུ་འགྲོ་དུས༔

当行所知善业断恶生善心

དོན་མེད་སྡིག་ཆེན་འདི་ནི་ངན་སོང་གི་རྒྱུ་ཡིན༔

身心当做善行阿妈我衷言

ཅི་ཤེས་དགེ་སྒྲུབ་སྡིག་སྤངས་སེམས་དཀར་རེ་འཆང་དགོས༔

年轻身体有力少年之心中

ལུས་ངག་དགེ་ལ་བསྐུལ་ཅིག་ཨ་མ་ངའི་སྙིང་གཏམ༔

不知死亡何时降临轮回沦

གཞོན་ནུ་ལུས་རྩལ་ལྡན་པའི་ཆུང་མ་ཚོས་བསམ་བློ༔

难遣死主来时恐惧有何用

འཆི་བ་ནམ་འོང་མི་ཤེས་འཁོར་བ་ལ་གཡེང་འདུག༔

如今身心闲暇善业当勤勇

བཟློག་མེད་འཆི་བདག་ཐོན་ཚེ་སྔངས་སྐྲག་གིས་ཅི་བྱེད༔

有识高尚善行善念当竞争

ད་ལྟ་ལུས་སེམས་དལ་ཚེ་དགེ་བ་ལ་བརྩོན་ཅིག༔

于诸较己卑微乞丐乏弱人

ཤེས་ཅན་ཡ་རབས་སྤྱོད་བཟང་སེམས་དཀར་ལ་འགྲན་དགོས༔

当断讥笑说过揭发恶口等

རང་ལས་དམན་པའི་ཉམ་ཆུང་སྤྲང་བོ་དང་ཁས་ཞན༔

随裕布施修行悲心极为重

འཕྱ་སྨོད་སྐྱོན་འདོགས་མཚང་འབྲུ་ཚིག་ངན་ནི་སྤང་དགོས༔

问候柔和爱护大恩父母尊

ཅི་འབྱོར་སྦྱིན་པ་ཐོང་ལ་སྙིང་རྗེ་རེ་གལ་ཆེ༔

勿少衣食柔软坐具之给奉

དྲིན་ཆེན་ཕ་མར་ཁ་དྲི་ཚིག་འཇམ་དང་བརྩེ་གདུང་༔

当于往昔业缘一生之友众

ཟས་གོས་མལ་སྟན་འཇམ་པོས་ཞབས་འདེགས་རེ་མ་འཕྱུགས༔

不视不行不听悉皆勿宣说

སྔོན་ལས་སྲིད་པའི་བཀོད་ཐང་ཚེ་གཅིག་གི་གྲོགས་ལ༔

饮食衣饰安定给养极为重

མི་འཕྲོད་མི་རེད་མི་ཉན་ཁོ་ན་རེ་མ་སྨྲ༔

于诸亲近亲眷兄弟相互间

བཟའ་བཏུང་གོས་རྒྱན་ལྟོ་རྒྱགས་བག་ཕེབས་རེ་གལ་ཆེ༔

不做谎言离间恶口与争锋

ཉེ་འབྲེལ་བཟའ་ཚང་ཁྱིམ་མཚེས་ཕན་ཚུན་གྱི་བར་ལ༔

当以和悦语言欢喜微笑护

རྫུན་དང་ཕྲ་མ་ངན་ཤག་འཐབ་མོ་ནི་མ་བྱེད༔

饮用大恩母畜奶乳如大海

འཕྲོད་པའི་གཏམ་བཤད་ཁ་དགའ་ངོ་འཛུམ་གྱིས་སྐྱོང་དགོས༔

幼犊无奶饥馑即便死临近

དྲིན་ཆེན་མ་འབྲིའི་འོ་ཞོ་རྒྱ་མཚོ་ཙམ་བཏུང་ནས༔

我等心意未满尚欲食血肉

བེའུ་ལུག་ནུ་སྐལ་བཅད་ནས་མུ་གེ་ལ་ཤི་ཡང༔

终生大恩守护虽如父母亲

ཁོ་མོའི་བློ་སེམས་མི་ཚིམས་ཤ་ཁྲག་ཡང་ཟ་འདོད༔

毫无悲心如同阎王使者同

ཚེ་གཅིག་དྲིན་གྱིས་བསྐྱངས་ནས་ཕ་མ་དང་འདྲ་ཡང་༔

行为如同罗刹邪恶之黑业

སྙིང་རྗེ་སྤུ་ཙམ་མེད་པའི་གཤིན་རྗེ་ཡི་ལས་མཁན༔

异熟必然当往地狱自称当

བྱ་སྤྱོད་སྲིན་མོ་འདྲ་བའི་ནག་མོ་ཡི་ལས་འདི༔

无论罪恶大小务必生羞愧

རྣམ་སྨིན་དམྱལ་བའི་གནས་སུ་རང་གཉའ་རུ་ཁུར་དགོས༔

勿散轮回业中善业当勤勇

སྡིག་པ་ཆེ་ཆུང་མེད་པར་ངོ་ཚ་རེ་མ་འཕྱུགས༔

手口勿闲当勤修诵六字明

འཁོར་བའི་ལས་ལ་མ་ཡེངས་དགེ་བ་ལ་འབུངས་ཤིག༔

速速顶礼净障懊悔当立誓

ཁ་ལག་མི་དལ་ཡིག་གེ་དྲུག་མ་རེ་བཟླ་དགོས༔

手口勿闲当勤修诵六字明

ཕྱག་སྐོར་སྒྲིབ་སྦྱངས་འགྱོད་སེམས་དམ་བཅའ་ལ་རེམ་རེམ༔

速速顶礼净障懊悔当立誓

འདི་ཕྱིའི་སྐྱབས་གནས་རེ་ལྟོས་མཆོག་གསུམ་ལས་མེད་པས༔

今生来世皈处寄望为三宝

བཤེས་གཉེན་དམ་པའི་གསུང་བཞིན་སྤངས་བླང་ལ་རེམ་རེམ༔

正士知识所言速速当奉行

སེམས་དཀར་རྒན་མོའི་ཁ་ཏ་དོན་མེད་ལ་མ་མངགས༔

勿令善念老妪所言空无益

མི་ཚེ་སྟོང་ཟད་སོང་བའི་རྒས་པ་ཚོས་གསོན་དང་༔

空度一生年长诸众当谛听

ཁམས་དང་སྐྱེ་མཆེད་ཉམས་ནས་སྒོ་ལྔ་ནི་ནུབ་ཚར༔

身与诸处损坏五门皆消尽

ཚོགས་ཡུལ་ཤེས་པ་མི་གསལ་སྡུག་བསྔལ་གྱིས་ནོན་ཡང་༔

聚境心识不明痛苦所逼侵

ད་དུང་འཆི་བ་མི་དྲན་འདོད་ཡོན་ལ་ཞེན་འདུག༔

尚且不念死亡贪恋诸妙欲

བླང་དོར་མིག་བཞིན་སྟོན་པའི་བཤེས་གཉེན་དང་འཕྲད་ཀྱང་༔

纵遇开示取舍如目之师尊

ཆོས་དྲེད་གོ་ཐོས་ཙམ་གྱིས་འདི་སྣང་ནི་ཟད་སོང་༔

以法自欺今生闻思徒耗尽

ཚེ་གང་གསོགས་པའི་ནོར་དང་གཉེན་གྲོགས་རྣམས་བསྐྱུར་ནས༔

丢弃毕生所积财宝与亲朋

མི་འདོད་ཕྱི་མའི་ཡུལ་དུ་གཅིག་པུ་རུ་འགྲོ་རན༔

不乐来生孑然一身已当行

སེམས་ལ་ཨ་ཐང་ཆད་ཀྱང་འགྱོད་པ་ནི་འཕྱི་སོང་༔

心中纵然惊恐懊丧已迟矣

མི་ཚེ་སྡུག་འཁོར་འདི་ལ་ཤི་སྦར་ནི་འཐམ་འདུག༔

今生恶眷今生守财之奴隶

ལན་གཅིག་དཀོན་མཆོག་གསུམ་ལ་གསོལ་འདེབས་ཙམ་མི་དྲན༔

一次祈祷三宝亦难记于心

དུག་ལྔ་མེ་ལྟར་འབར་བའི་རང་གཤིས་ལ་ཤོར་སོང་༔

落入五毒如火炽然自性中

ད་ནི་རང་སེམས་འདི་ལ་སྐོར་བ་རེ་གྱིས་དང་༔

如今于此自心当须想分明

དཀར་ནག་གཉིས་ཀྱི་འབྲས་བུ་ཅི་འདྲ་རེ་བསྒྲུབས་ཡོད༔

善恶两种业果我今造何等

རྣམ་སྨིན་དམྱལ་བའི་གནས་སུ་རང་སྡུག་ནི་ཁུར་དགོས༔

异熟地狱之中咎当由自取

ཚེ་འདི་ཉི་མ་འདྲ་སྟེ་ཁའི་ཁ་རུ་མཉམ་ཡོད༔

今生如同朗日正处面前等

འཆི་བདག་གྲིབ་མ་བཞིན་དུ་རང་ཟུར་ན་བསླེབས་ཡོད༔

死主如同身影悄然已近身

འགྱོད་པ་ཕྱི་ལ་བྱས་ཀྱང་ཚེ་ཚད་ལ་ཐུག་ཡོད༔

懊悔虽寄来生寿限已穷尽

སྒྱུ་ལུས་གཡར་ཁང་འཇིག་ནས་འབྱུང་བཞི་ལ་ཐིམ་རན༔

幻身假屋已坏四大近相融

ལུས་སེམས་བྲལ་ནས་རྣམ་ཤེས་སྟོང་གཟུགས་འདི་གར་འགྲོ༔

身心离异心识空色何处行

འཁོར་འདས་ས་མཚམས་བགོ་བའི་འགག་ཆེན་ལ་ཐུག་ཡོད༔

轮涅分际所应关键已接近

སྐྱབས་མེད་མགོན་མེད་གྲོགས་མེད་རིགས་དྲུག་ལ་འཁྱམ་དགོས༔

无依无怙无伴六趣当飘零

ཐར་མེད་ངན་སོང་གནས་ནས་མ་རྒན་རྣམས་ཡི་མུག༔

难逃恶趣境中母众徒伤心

ང་ཆགས་ཆགས་གཉེན་དང་ཉེ་འབྲེལ་འཁོར་བ་ལ་ཆགས་འདུག༔

我爱恋爱恋近亲贪恋轮回境

ང་ཞེན་ཞེན་འདོད་ཡོན་ལྔ་ཡི་ལོངས་སྤྱོད་ལ་ཞེན་འདུག༔

我贪爱贪爱五种妙欲受用等

ང་འཁྲུལ་བ་མ་ཤེས་གཟུང་འཛིན་སྣང་བ་ལ་འཁྲུལ་སོང༔

我不知迷乱迷于执持之外境

ང་བསླུ་བ་མ་ཤེས་ཐ་མལ་སྣང་ཞེན་འདིས་བསླུས་སོང༔

我不知欺诳被诸庸常境贪欺

ང་མནར་བ་མ་ཤེས་སྡིག་པ་ཚབས་ཆེན་འདིས་མནར་འདུག༔

我不知压迫巨大痛苦恒压迫

ང་འཆི་བ་མ་ཤེས་སྣང་བ་རྟག་འཛིན་གྱིས་བཅིངས་སོང༔

我不知死亡显现缚以恒常执

ངས་བདེ་བ་མ་ཤེས་སྡུག་བསྔལ་བདེ་བ་ལ་རློམ་འདུག༔

我不知快乐误将痛苦做快乐

ངས་དལ་འབྱོར་ཐོབ་པ་དོན་མེད་སྟོང་ལོག་ལ་ཟད་སོང༔

我获得暇满无益空耗近穷尽

ད་མི་མཐོང་ཡུལ་དུ་དགེ་མེད་ལག་སྟོང་ལ་འགྲོ་དགོས༔

今须不现界中无善空手行

ང་སྐྱབས་མེད་མགོན་མེད་ཨ་མས་འོ་དོད་ནི་འབོད་རན༔

我无依无怙唯剩呼唤慈母亲

མ་རྒན་རྣམས་ཀྱི་སྡུག་བསྔལ་སུ་ཡིས་ནི་བཟོད་དམ༔

一切母众痛苦谁人能堪忍

འགྲོ་བའི་དོན་མཛད་བྱང་སེམས་འཕགས་མ་ལ་ཕྲིན་བཏང་༔

递信利生事业菩萨圣母尊

བུ་ཚ་ཕྱི་རབས་ཉེ་འབྲེལ་ཆགས་ཡུལ་གྱི་མི་རྣམས༔

子嗣末世近亲贪境诸人等

སྡུག་བསྔལ་གསུམ་གྱིས་ནོན་པའི་མ་རྒན་རྣམས་སྙིང་རྗེ༔

三苦逼恼如母有情诚堪悯

མ་བརྗེད་སེམས་ཀྱིས་མ་བོར་དགེ་སྦྱོར་ལ་རེམ་རེམ༔

勿忘心中勿弃速速做善行

དགེ་སྡིག་སྤང་བླང་ཁྲེལ་ཡོད་ངོ་ཚ་རེ་མཛོད་ཅིག༔

善恶取舍应当知惭有愧心

ཡར་མཆོད་མར་སྦྱིན་བྱས་ན་ཕ་མ་རེ་མ་བརྗེད༔

若作上供下施勿忘父母恩

དགེ་འདུན་འདུས་པའི་དྲུང་ལ་མིང་ཐོ་རེ་གལ་ཆེ༔

僧众聚会面前记名极为重

རི་ལ་དར་མགོ་དཔར་ན་ཕ་མ་རྣམས་མ་བརྗེད༔

山上竖立经幡勿忘父母亲

ས་ལ་སཱཙྪ་དཔར་ན་ཕ་མ་རྣམས་མ་བརྗེད༔

地上印制泥塔勿忘父母尊

ཆུ་ལ་སྐུ་གཟུགས་དཔར་ན་ཕ་མ་རྣམས་མ་བརྗེད༔

水中印制佛像勿忘父母恩

མེ་ལ་འཁོར་ལོ་འཛུགས་ན་ཕ་མ་རྣམས་མ་བརྗེད༔

火上放置经轮勿忘父母亲

དགོན་ལ་རྟེན་བཞེངས་བྱས་ན་ཕ་མ་རྣམས་མ་བརྗེད༔

寺中建立所依勿忘父母亲

མར་མེ་ཁ་གསོས་བྱས་ན་ཕ་མ་རྣམས་མ་བརྗེད༔

倘若补充灯油勿忘父母尊

ཆོས་སྡེ་གཙུག་ལག་དྲུང་ནས་ཕ་མ་རྣམས་མ་བརྗེད༔

发愿经堂面前勿忘父母众

ཕྱག་སྐོར་སྒྲིབ་སྦྱོང་བྱས་ན་ཕ་མ་རྣམས་མ་བརྗེད༔

敬礼朝圣净障勿忘父母等

ང་ཅག་ཐོག་མ་མེད་པའི་སྡིག་པ་ནི་ཚབས་ཆེ༔

吾等从于无始以来罪障重

དམྱལ་བའི་ཚ་གྲང་འདི་ལ་བཟོད་ཐབས་ནི་མི་འདུག༔

炎寒绝无方便堪能忍

སྡིག་པའི་ལས་འབྲས་འདི་ལ་བྱང་ཐབས་ཤིག་མ་མཆིས༔

罪恶业果了无还净之方便

རོ་མྱག་སྤུ་གྲིའི་ཐང་ལ་ཟད་དུས་ཤིག་མི་འདུག༔

腐尸利刃草原时间无穷尽

གཏུམ་རྔམས་བྲེ་མོའི་ཁ་ནས་ཐར་དུས་ཤིག་མི་འདུག༔

粗暴大锅之中了无逃脱时

དཔའ་བོ་འཇིགས་པའི་གཤིན་རྗེ་ལས་མཁན་དང་མི་འབྲལ༔

彪悍怖畏阎魔使者不离分

ཨ་མ་ངལ་གསོ་ཙམ་གྱི་བདེ་བ་ནི་མ་མཆིས༔

苦哉须臾休歇安乐亦无存

ཡི་དྭགས་བཀྲེས་ཤིང་སྐོམ་པའི་གདུང་བ་ནི་མི་བཟོད༔

饿鬼干渴讥饿逼恼极难忍

དུད་འགྲོ་བླུན་རྨོངས་བཀོལ་སྤྱོད་སྡུག་བསྔལ་ནི་བཟོད་དཀའ༔

畜生愚昧驾御难忍诸苦痛

སྐྱེ་རྒ་ན་དང་འཆི་བའི་སྡུག་བསྔལ་ནི་བཟོད་དཀའ༔

生老病死痛苦极其难堪任

འཐབ་ཅིང་རྩོད་པའི་དགྲ་ལ་རྒྱུན་ཆད་ནི་མེད་པ༔

战斗争执敌怨无穷亦无尽

ལྷ་ལ་འཆི་འཕོ་ལྟུང་བའི་སྡུག་བསྔལ་ནི་ཡུན་རིང་༔

无人临死长受堕落之痛苦

རིགས་དྲུག་སྡུག་བསྔལ་ཨ་མ་རང་ཉིད་ཀྱིས་འཁུར་དགོས༔

六道痛苦呜呼自作自担承

ད་ནི་མཁྱེན་ནོ་མཁྱེན་ནོ་བླ་མ་རྗེ་མཁྱེན་ནོ༔

如今证知证知上师请证知

རྒྱལ་ཡུམ་རྗེ་བཙུན་འཕགས་མ་སྒྲོལ་མ་ཁྱེད་མཁྱེན་ནོ༔

佛母至尊圣母度母请证知

ངན་སོང་འཁོར་བའི་གནས་ནས་ཨ་མ་རང་དྲངས་མཛོད༔

祈请尊母度出恶趣轮回境

བདེ་ཆེན་ཐར་ལམ་ཟིན་པའི་སྨོན་ལམ་དེ་འགྲུབ་ནས༔

任持大乐解脱道路誓愿成

རྒྱལ་སྲས་བྱང་ཆུབ་སྤྱོད་ལ་འཇུག་པའི་རྒྱུར་གྱུར་ཅིག༔

愿成趣入佛子菩提法行因

དེ་ལྟར་ཕ་མའི་འཕྲིན་ཆ་མི་ཡུལ་ལ་བསྒྲག་དགོས༔

今将双尊事业宣称人世中

འཕགས་མ་ཁྱེད་ཀྱི་ཐུགས་རྗེས་ནམ་ཡང་ནི་མ་དོར༔

圣母尊以大悲永远不舍弃

རེ་ལྟོས་ཁྱེད་ལ་བཅའ་འོ་རིགས་ལྡན་གྱི་མི་མོ༔

希愿寄望于尊具种之女子

པདྨའི་ཕོ་ཉ་ཡིན་པས་འགྲོ་དོན་ལ་དགོངས་མཛོད༔

是为莲师使者当念利众生

༼小字༽

ཅེས་རྗེ་བཙུན་མ་ལ་གདུང་ཤུགས་དྲག་པོས་འོ་དོད་བོས་ཚེ་འཕགས་མའི་ཐུགས་དགོངས་ལ་ཕ་མ་གནས་ངན་འདི་རྣམས་སྲིད་མཚོ་ལས་མ་བསྒྲལ་ན་ངན་སོང་ལས་ཐར་བའི་དུས་མེད་སྙམ་ནས་བདེ་ཆེན་སྒྱུ་མའི་རྣམ་རོལ་མཁའ་སྤྱོད་རྡོ་རྗེ་བཙུན་མོའི་བདེ་མཆོག་གསང་བའི་དཀྱིལ་འཁོར་དང་གཉིས་མེད་དུ་བསྲེས་ནས་རིགས་དྲུག་དུས་གཅིག་ལ་དཔལ་བདེ་མཆོག་གི་ཐུགས་དང་གཉིས་སུ་མེད་པར་གྱུར༔

ཞེས་རྩལ་ཤར་གྱི་མཁའ་འགྲོ་དབྱིངས་སུ་དེངས་སོང་༔

|沃唐卡古唐卡视频讲解目录|←唐卡视频讲解目录查询点这

|沃唐卡市场分析报告目录|←沃唐分析目录查询点这

|十二生肖守护小唐卡|——|最新唐卡价格行情走势|——|收藏级唐卡推荐|

|藏密真言·心咒密咒|←此处目录可参考定制

|藏密坛城·曼茶罗|←此处目录可参考定制

|唐卡嘎乌盒·吊坠小唐卡|←此处目录可参考定制

|唐卡寄卖|←画师唐卡直卖的唐卡可参考这里

|佛像总集·佛像绘制参考|←此处图册可供参考学习

|古代唐卡图册|←古代唐卡藏品复制定制可参考这里

|各类经文咒文及书籍索引|←经文咒文书籍查询点这

|唐卡文献资料索引|←唐卡文献资料查询点这

|唐卡造型资料索引|←唐卡造型形象资料查询点这

|沃唐卡分仓索引|←根据“沃唐卡”前3位编码查询点这

|唐卡线稿图册|←唐卡定制的白描线稿可参考这里

www.WoTangKa.com-沃唐卡·官网:沃唐卡的国内专业的唐卡数据信息平台,提供全面的唐卡资料信息检索服务及成熟完善的唐卡仓储供应链服务!

“沃唐卡”唐卡平台为朋友们提供:“沃唐卡”喜马拉雅文化艺术中心、收藏级与艺术级唐卡直供、唐卡艺术品投资、唐卡画展、唐卡书籍与刊物出版等服务

沃唐卡24小时短信咨询热线:13661344269(仅接受短信咨询)

沃唐卡微信(wechat)咨询号:MasterQiRu

友情提醒一:需要唐卡图做背景或头像的朋友可以关注“沃唐卡”的微信公众号[“沃唐卡”或“wotangka”],直接电子邮件(wotangka@qq.com)唐卡编码,沃唐卡客服小沃会在72小时内发送邮件给您!

友情提醒二:尼泊尔唐卡不在沃唐卡评级范围内,全球市场上95%的尼泊尔唐卡归类在装饰画范围。

友情提醒三:“沃唐卡”官方唐卡评定为“收藏级“与”艺术级”的唐卡具有艺术收藏价值和商业升值潜力价值。

(0)
上一篇 2025-10-05 10:32
下一篇 2025-10-05 10:59

相关推荐

唐卡预定·唐卡定制·唐卡设计·唐卡艺术品投资可联系微信(wechat)号:MasterQiRu