沃唐卡官方告知:由于一些唐卡画师的手机像素偏低,有的唐卡实拍图未必能清晰表达出整幅唐卡的效果,需要订购和了解详情的朋友可联系沃唐卡,告知唐卡编号即可了解该唐卡的细节及相关介绍。
“沃唐卡”官方唐卡(中国唐卡)评估等级/品类标准:
【入门级/精品级--旅游纪念品】--【珍藏级--工艺美术品】--【收藏级与艺术级--收藏艺术品】
沃唐卡24小时短信咨询热线:13661344269(沃唐卡物流部客服与提供“沃唐卡”唐卡编号可通过短信询价)
沃唐卡微信(wechat)咨询号:MasterQiRu(请朋友们注明来意和需求·收藏级与艺术级唐卡设计定制)
沃唐卡官方咨询邮件地址:wotangka@qq.com(唐卡寄卖·合作咨询·相关学习咨询等)
三门赞颂·大悲观音愿文
༄༅།།ཐུགས་རྗེ་ཆེན་པོ་ལ་སྒོ་གསུམ་གྱི་སྒོ་ནས་བསྟོད་པ་
རང་གཞན་ཐམས་ཅད་ཀྱི་སྨོན་ལམ་ཕན་བདེའི་གཏེར་མཛོད།།
【三门赞颂大悲观音愿文】
一切自他祈愿利乐之宝藏
ན་མོ་ལོ་ཀི་ཤྭ་རྭ་ཡ།
拿 牟 洛 给 秀 日 雅
南 摩 观 世 音 菩 萨
དུས་གསུམ་བདེ་གཤེགས་མཁྱེན་བརྩེ་གཅིག་བསྡུས་པ།།
堆松 迭卸 钦则 计读巴 三世如来悲智集一者
འོད་དཔག་མེད་པའི་བྱིན་བརླབས་སྤྲུལ་པའི་སྐུ།།
窝巴 没贝 锦拉 竹贝固 无量光佛加持应化身
སྨོན་ལམ་མཛད་ཕྲིན་ཐུགས་རྗེ་ཕུལ་བྱུང་བ།།
闷兰 哉琛 图杰 普窘哇 誓愿事业悲心最殊胜
རྒྱལ་བ་སྲས་དང་སློབ་མ་དགྲ་བཅོམ་བཅས།།
贾哇 协倘 洛玛 札炯界 佛与菩萨弟子阿罗汉
ཡི་དམ་ཆོས་སྐྱོང་དཀོན་མཆོག་སྐྱབས་ཀྱི་མཆོག།
宜但 阙烔 衮秋 夹吉秋 本尊护法三宝最胜依
འགྲྲོ་བའི་དོན་དུ་ཐུགས་རྗེ་ཆེན་པོའི་ཚོགས།།
卓威 敦笃 突杰 千播溱 为利有情大悲海会众
ཞིང་གི་རྡུལ་མཉམ་དཔག་མེད་ཡོན་གནས་རྣམས།།
兴给 读娘 巴没 圆内曩 等世界尘无量福田众
ལྷག་བསམ་སྨོན་ལམ་འགྲུབ་པའི་དཔང་དུ་བཞུབས།།
哈桑 闷阑 祝贝 帮笃休 成就意乐祈愿作证明
བདག་དང་བདག་གི་ཉེ་འབྲེལ་འཁོར་སློབ་འབངས།།
逹倘 逹吉 念遮 扣洛庞 吾与吾之亲友徒眷属
གཞན་དག་དད་པའི་འགྲྲོ་བ་ཤི་གསོན་རྣམས།།
贤逹 逹贝 卓哇 兴孙曩 其他信心有情存殁众
ཐར་འདོད་བདེ་ཐོབ་ཕྱིར་དུ་རེ་བ་དང་།།
踏对 迭透 企笃 惹哇檔 为欲解脱得乐而期盼
ལྟོས་པས་དཔག་མེད་སྲི་ཞུ་སྒྲུབ་པ་དང་།།
对贝 巴没 系休 竹巴檔 与指望故行无量服务
རྣམ་བཞིའི་དཀོར་དང་བདག་གི་གནས་ཡུལ་མཁར།།
南西 扩档 逹叽 内有康 四种信财与己地住宅
ཟས་གོས་བཏུང་བ་ཡོ་བྱད་སྒོ་གསུམ་གྱི།།
撒轨 东哇 有茄 勾松计 衣食饮品用具故三门
ལས་གྱུར་བྲན་དུ་བཀོལ་དང་བསྔོས་ཤ་ཟོས།།
雷久 琛笃 过档 喔夏随 作业为奴役食回向肉
འཚོ་ཕྱིར་སྲོག་བཅད་འདོད་ཕྱིར་བསྡིགས་ཕྲོགས་བགྱིས།།
措企 溯界 对企 狄辍吉 生计故杀欲望故行抢
བདག་ལ་ཕན་གྲྲོགས་མཐུན་སྦྱོར་གནོད་བྱེད་བགེགས།།
逹拉 翩卓 吞久 诺杰给 利我益友同伴损害魔
ཕ་མས་གཙོ་བྱས་མཐོང་ཐོས་དྲན་རེག་དང་།།
帕妹 奏杰 通推 琛雷檔 父母为主见闻念触等
སྣ་ཚོགས་གང་འབྲེལ་ཁམས་གསུམ་འགྲྲོ་བ་རྣམས།།
那溱 抗遮 康松 卓哇曩 凡种种缘三界有情众
ཚེ་ཟད་འཆི་བདག་གཤིན་རྗེའི་དྲུང་སླེབ་ཏེ།།
策塞 企逹 欣皆 冲列迭 寿尽来到死主閰罗前
ཀུན་གྱིས་མི་སྟོངས་སྡིག་བྱས་འགྱོད་གནོང་ཚེ།།
棍计 迷东 狄杰 轨弄策 全皆无益愧悔造罪时
བར་དོའི་སྣང་བ་སྒྱུ་མར་ངོ་ཤེས་ཤིང་།།
跋斗 囊哇 局嘛 哦谢兴 中阴显现知晓为幻化
མཚམས་སྦྱོར་ངན་པའི་བར་ཆད་ཟྲོག་པ་དང་།།
仓久 欸贝 巴切 朵巴檔 遮除恶劣结合之障碍
འཕོ་བའི་བསུ་མ་མཛོད་ཅིག་སྤྱན་རས་གཟྱིགས།།
迫威 速麻 则计 坚热息 祈做往生迎领观世音
དེ་ལས་བར་དོའི་སྣང་བ་འཆར་སྲིད་དེ།།
迭雷 跋兜 囊哇 洽息迭 由彼中阴境相或许现
མཐོང་སྣང་ཐམས་ཅད་དགྲ་རུ་ལྡང་བའི་ཚེ།།
通囊 汤界 札如 檔威策 一切景象现为敌人时
ཡོན་པོ་ལམ་ལ་སྲོང་བའི་འཁར་བ་བཞིན།།
圆播 浪拉 冲威 卡哇形 斜路上撑直之拐杖般
འབྲལ་མེད་སྐྱེལ་མ་མཛོད་ཅིག་སྤྱན་རས་གཟྱིགས།།
札美 皆麻 昨记 坚热息 祈做无离护送观世音
ཆགས་སྡང་དབང་གིས་གནས་ངན་བཟང་མཐོང་སྟེ།།
洽当 汪叽 内恩 桑通迭 贪嗔导致恶趣见为善
མཐོང་སྣང་ཐམས་ཅད་ཆགས་པར་ལྡང་བའི་ཚེ།།
通囊 汤界 洽巴 檔威策 一切景象贪心生起时
ངན་འགྲྲོ་སྲིན་མོའི་གླིང་སྒོ་འགོག་པ་དང་།།
恩卓 细莫 令沟 枸巴檔 阻挡恶趣鬼母洲之门
དལ་འབྱོར་ནོར་དང་སྤྲོད་ཅིག་སྤྱན་རས་གཟྱིགས།།
打纠 诺档 祝计 坚热息 祈赐暇满财富观世音
ལ་ལ་དམྱལ་བ་ཚ་གྲང་བཙོ་བསྲེགས་གིས།།
拉拉 酿哇 策张 奏塞叽 有些遭地狱寒热烧煮
མི་བཟད་འཇིགས་མེས་བསྐལ་མང་མནར་གྱུར་ཚེ།།
迷瑟 吉美 噶芒 纳局策 难忍怖火多劫受苦时
ཐུགས་རྗེའི་ཆུ་དང་སྙིང་རྗེའི་ག་པུར་ཆར།།
突杰 秋檔 宁杰 噶布洽 悲心水及悲悯冰片雨
ཕབ་ནས་ཞེ་སྡང་སོད་ཅིག་སྤྱན་རས་གཟྱིགས།།
帕内 写当 梭计 坚热息 降后祈断嗔恚观世音
ལ་ལ་ཡི་དྭགས་གནས་སུ་བཟའ་བཏུང་གིས།།
拉拉 宜逹 内速 萨东叽 有些沦于饿鬼道饮食
བཀྲེས་ཕོངས་མེ་མཚོན་ཟ་ལ་ཕྱག་གི་མཐིལ།།
致蚌 美村 撒拉 洽计梯 饥困食火武器圣手心
བྱམས་པའི་རྒྱུན་གཏེར་གྱིས་ཚིམས་ཕྱག་སོར་གྱིས།།
蒋贝 局代 计钦 洽梭计 慈心库流令饱足圣指
སེར་སྣའི་མདུད་པ་ཁྲོལ་ཅིག་སྤྱན་རས་གཟྱིགས།།
色那 读巴 绰计 坚热息 祈解悭吝之结观世音
ལ་ལ་དུད་འགྲྲོ་གཅིག་གིས་གཅིག་ཟ་ཞིང་།།
拉拉 读卓 计给 计撒形 有些于旁生一食噉一
བཀོལ་སྤྱོད་ཤ་ལྤགས་དབང་དུ་གསོད་བྱེད་ཚེ།།
够就 夏霸 旺笃 梭界策 役使为得皮肉杀害时
གཏི་མུག་མུན་པ་འཐིབས་པའི་སྨག་རུམ་ལ།།
第沐 沐巴 梯贝 麻如拉 愚痴黑暗笼罩漆黑中
ཡེ་ཤེས་སྒྲོན་མེ་སྤོར་ཅིག་སྤྱན་རས་གཟྱིགས།།
耶谢 准美 播记 坚热息 祈燃智慧火炬观世音
ལ་ལ་ལྷ་མིན་ཡུལ་དུ་འཐབ་རྩོད་ཀྱིས།།
拉拉 辣敏 有笃 踏最计 有些于修罗道起争斗
གཡུལ་འཁྲུགས་ལས་ཀྱིས་དབང་མེད་དུ་ཁ་ལ།།
佑触 雷计 汪美 笃喀拉 战争业迫不自主苦中
ཀུན་སྙོམས་རི་བོ་ཆེན་པོའི་གྲིབ་བསིལ་གྱིས།།
棍纽 仁窝 千波 直细吉 一切平等大山之凉荫
ཕྲག་དོག་རླུང་སྒོ་ཆོད་ཅིག་སྤྱན་རས་གཟྱིགས།།
岔逗 隆勾 却吉 坚热息 祈闭嫉妒风口观世音
ལ་ལ་ལྷ་གནས་ལོངས་སྤྱོད་བདེ་བ་ལ།།
拉拉 哈内 龙倔 迭哇拉 有些天道快乐享用中
གཡེང་བས་ལོ་འདས་མི་དྲན་འཆི་འཕོ་ལྟུང་།།
页威 洛迭 米瞋 企魄东 散逸不知岁逝堕死亡
ཐུགས་རྗེ་རྨད་དུ་བྱུང་བའི་གྲུ་རྫིངས་ཀྱིས།།
突杰 昧笃 炯威 竹增计 悲心希有殊胜之大船
འདོད་ཆགས་ཆུ་ལས་སྒྲོལ་ཞིག་སྤྱན་རས་གཟྱིགས།།
对恰 秋雷 卓息 坚热息 祈度脱贪欲海观世音
མི་རྣམས་སྐྱེ་རྒ་ན་འཆིའི་ཆུ་བོ་བཞིར།།
米曩 皆噶 拿企 秋窝席 人道生老病死四河中
སྡུག་བསྔལ་གསུམ་གྱི་ཆུ་གཏེར་ནང་དུ་རྒྱུ།།
笃阿 森吉 丘待 囊笃局 三痛苦之水库内漂游
གཉིས་འཛིན་རྦ་རླབས་འཕྱོ་བའི་གར་མཁན་ཆོགས།།
腻曾 把弄 邱威 葛堪溱 二执波浪汹涌舞蹈众
ཐུགས་རྗེའི་ལྕགས་ཀྱུས་དྲོངས་ཤིག་སྤྱན་རས་གཟྱིགས།།
突杰 架就 重细 坚热息 祈以悲钩钓引观世音
བདག་འཛིན་ཕ་མས་བསྐྱེད་པའི་བྱིས་པའི་ཚོགས།།
逹今 帕美 界贝 吉贝溱 我执父母所生孩童众
གཉིས་འཛིན་གོ་ཁྲབ་དང་པོས་ལུས་བགོས་ནས།།
腻津 苟刹 檔播 吕顾内 二执盔甲紧密披身后
དུག་ལྔའི་མཚོན་ཆར་འབེབས་པའི་སྐྱེ་བོ་ཡི།།
读盎 村洽 北贝 介窝宜 五毒武器降下之士夫
བདུད་སྡེ་ཆོས་ལ་སྒྱུར་ཅིག་སྤྱན་རས་གཟྱིགས།།
读迭 阙拉 纠计 坚热息 祈转魔众成法观世音
དཔེར་ན་མི་གཙང་བ་ལ་སྦྲང་བུ་བཞིན།།
倍拿 米藏 哇拉 张菩形 譬如不净物上苍蝇般
འཁོར་བ་བདེ་བར་མཐོང་ནས་དེར་སྒོ་གསུམ།།
扩哇 迭哇 通内 迭拱松 见轮回乐后于彼三门
ངལ་མེད་སྡུག་བསྔལ་སྒྲུབ་པའི་བྱ་བ་ཡི།།
昂没 笃阿 竹贝 贾哇宜 无怠做造成痛苦诸事
དོན་མེད་ལས་འདི་སྟུངས་ཤིག་སྤྱན་རས་གཟྱིགས།།
屯美 雷狄 东息 坚热息 祈减此无义业观世音
འདི་དག་ཆོས་ལྡན་ལུས་ཐོབ་མཚན་ལྡན་གྱི།།
狄逹 阙滇 吕拓 岑滇吉 获此等具法之身具相
བཤེས་གཉེན་མཆོག་བསྟེན་གུས་མཆོད་དེས་གསུངས་ཀྱི།།
谢念 秋滇 古丘 迭松计 胜善知识敬供依彼语
གདམས་པས་རྒྱུད་སྨིན་སངས་རྒྱས་དངོས་ཉིད་དུ།།
档贝 局民 桑皆 悟腻笃 口诀熟自续师乃真佛
ངེས་པའི་བློ་དང་སྦྱོར་ཞིག་སྤྱན་རས་གཟྱིགས།།
欸贝 洛檔 纠息 坚热息 定解心祈相合观世音
ཐོས་པས་དྲང་ངེས་ཆོས་རྣམས་དོན་འདོམས་ཤིང་།།
拓贝 涨欸 阙囊 屯斗兴 以闻传授了不了义法
བསམ་པས་ཞི་ལྷག་ཏིང་འཛིན་མངོན་གྱུར་ནས།།
桑贝 息哈 丁曾 温久内 以思现证止观三昧后
སྒོམ་པས་མཐའ་བྲལ་ལྟ་བ་རྟོགས་པ་ལྡན།།
拱贝 踏札 大哇 多巴滇 以修获离边见地证悟
སེམས་ཉིད་མ་དང་སྤྲོད་ཅིག་སྤྱན་རས་གཟྱིགས།།
森腻 麻檔 倔计 坚热息 祈与心性母会观世音
ངེས་འབྱུང་བློ་ཡིས་ཚུལ་ཁྲིམས་ས་བོན་ཐེབས།།
欸炯 洛宜 楚钦 萨奔帖 出离心种下戒律种子
གཞན་ཕན་འདོད་པའི་བྱང་སེམས་ལོ་འདབ་རྒྱས།།
贤徧 多贝 强森 洛逹杰 欲利他之菩提心叶茂
དེ་ལས་གསང་སྔགས་བསྐྱེད་རྫོགས་མེ་ཏོག་བཀྲ།།
迭雷 桑阿 界卓 美垛张 由彼密咒生圆花朵艳
བསླབ་གསུམ་འབྲས་བུ་སྐྱེད་ཅིག་སྤྱན་རས་གཟྱིགས།།
辣松 浙菩 给计 坚热息 祈生三学果实观世音
རྒྱུ་འབྲས་བླང་དོར་ཚུལ་བཞིན་བསྒྲུབ་པ་དང་།།
久褶 浪陡 楚形 竹巴檔 因果取舍如理而行持
ཚོགས་གཉིས་འཕེལ་བ་ཕར་ཕྱིན་དྲུག་སྤྱོད་པར།།
溱腻 佩哇 帕钦 竹倔巴 二资粮增修持六度行
ཆེ་གགས་རེ་སྨོན་ཆོས་བརྒྱད་དམ་པོ་ཡི།།
切札 惹蒙 阙杰 倘波宜 希愿名扬八法紧系缚
ཞེན་པའི་ཐག་པ་ཆོད་ཅིག་སྤྱན་རས་གཟྱིགས།།
贤贝 突巴 却吉 坚热息 祈断贪心绳索观世音
ས་དང་ལམ་གྱི་སྒྲོ་འདོགས་ཀུན་རྫོགས་ནས།།
萨档 朗吉 卓豆 棍卓内 地与道之增益圆满后
སྐྱོན་ཀུན་སྤངས་ཤིང་ཡོན་ཏན་མཆོག་ལྡན་པའི།།
娟棍 磅兴 圆旦 秋滇贝 断诸过且具殊胜功德
རྒྱལ་བའི་གོ་འཕང་མངོན་ཐོབ་སྤྲུལ་སྐུ་ཡིས།།
贾威 果胖 温透 竹固宜 现证佛陀果位以化身
གཞན་དོན་ལྷུན་གྲུབ་མཛོད་ཅིག་སྤྱན་རས་གཟྱིགས།།
贤屯 伦祝 昨计 坚热息 祈自然成利他观世音
བདག་ལ་འབྲེལ་ཐོགས་བཟང་ངན་གང་མཆིས་ཀྱང་།།
逹拉 则透 桑恩 港企将 与吾相关任何优与劣
ཕ་མས་གཙོ་བྱས་འཁོར་བ་སངས་རྒྱས་བར།།
帕昧 奏杰 扩哇 桑皆跋 父母为主轮回成佛际
དེ་སྲིད་བདག་འཚང་མི་རྒྱ་དེ་དག་གི།
迭思 逹苍 米贾 迭逹叽 期间吾不成佛为众生
དོན་བགྱིད་ཉིད་ལྟར་མཛོད་ཅིག་སྤྱན་རས་གཟྱིགས།།
屯吉 腻大 昨计 坚热息 祈如唯作利益观世音
མ་རིག་ལམ་གོལ་སྡུག་བསྔལ་གྱིས་གཟྱིར་བའི།།
玛日 朗扩 笃阿 计思威 无明谬路痛苦所逼恼
གདུལ་དཀའ་སྔོན་གྱི་རྒྱལ་འདུལ་ཞིང་མིན་པའི།།
读尬 温计 贾读 醒敏贝 难化非过去佛化土之
སྐྱེ་བོ་འདུལ་ལ་དུས་གསུམ་རྒྱལ་ཐུགས་བསྐྱེད།།
介窝 读拉 堆松 贾透介 众生度故三世佛发心
མཛད་ལས་ཁྱད་འཕགས་མཛོད་ཅིག་སྤྱན་རས་གཟྱིགས།།
则雷 洽帕 昨计 坚热息 祈行更为殊胜观世音
བདག་སྡུག་ཆུང་ངུས་འགྲོ་ཀུན་སྡུག་བསྔལ་ཆེའི།།
逹笃 琼温 卓棍 笃阿切 己小苦于诸众生大苦
གོ་ཆོད་གཏོང་གྱུར་བདག་དགེ་ཕུན་ཚོགས་རྣམས།།
苟阙 都久 逹给 扑溱曩 发挥效用吾善诸圆满
སེམས་ཅན་ཀུན་འབུལ་དེ་དོན་ཕན་རང་སྲོག།
森间 棍补 迭屯 潘穰嗽 供诸有情为利彼己命
སྦྱིན་ལ་སྤོབས་པ་བསྐྱེད་ཅིག་སྤྱན་རས་གཟྱིགས།།
谨拉 波巴 借计 坚热息 祈生勇气布施观世音
མཆོག་དམན་བར་གྱི་འགྲོ་བ་ཀུན་སྙོམས་སེམས།།
秋闷 拔吉 卓哇 棍纽森 胜中劣有情皆平等心
རབ་བརྟན་གང་ཞིག་ཞེ་སྡང་གནོད་སྦྱོར་བའི།།
喇滇 港细 协党 诺久威 坚穏任一嗔恚并伤害
དུག་སྦྲུལ་བཞིན་དུ་དངོས་བརྒྱུད་འཚེ་བའི་ལས།།
读逐 醒独 喔局 策威雷 如毒蛇般直间损害业
བྱང་ནས་རྣམ་གྲོལ་མཛོད་ཅིག་སྤྱན་རས་གཟྱིགས།།
蒋内 囊卓 昨计 坚热息 净后祈赐解脱观世音
བདག་སོགས་རྣམ་ཀུན་གཞན་དོན་ཁོ་ན་ལས།།
达梭 曩棍 贤屯 扩拿雷 吾等若非恒时唯利他
ཞི་བདེའི་བསམ་པ་སྐད་ཅིག་མི་འབྱུང་ཞིང་།།
息迭 桑巴 给计 米窘醒 不生刹那寂乐之思维
ཆོས་མིན་ལས་གཞན་མི་དགེ་སྐྱེ་སྲིད་ན།།
阙敏 雷贤 米给 介思拿 非法别业不善可能生
ཆོས་ལྡན་གནས་སུ་འཕོ་ཆུག་སྤྱན་རས་གཟྱིགས།།
阙滇 内速 迫秋 坚热息 祈迁有法之地观世音
ཆོས་དབྱིངས་རྣམ་དག་བསླུ་མེད་རིན་ཆེན་གསུམ།།
阙映 南逹 路美 仁千松 法界清净无欺三珍宝
དྲང་སྲོང་ལྷ་དང་ལྷག་བསམ་འཁོར་འདས་དགེས།།
掌松 拉檔 拉桑 扩迭给 仙人天与意乐轮涅善
བདེན་པ་མཆིས་པའི་སྨོན་ལམ་བཏབ་འདི་དག།
滇巴 企贝 梦浪 大迪达 具真实谛之此等祈愿
མི་ཐོག་མྱུར་དུ་སྒྲུབས་ཤིག་སྤྱན་རས་གཟྱིགས།།
米拓 纽笃 竹细 坚热息 祈不耽搁速成观世音
འདི་ཡིས་ཚེ་རབས་དཔལ་ལྡན་བླ་མ་དང་།།
狄宜 策惹 巴滇 喇嘛檔 此成世代吉祥上师与
དུས་གསུམ་བདེ་གཤེགས་ཕྱག་ན་པདྨོ་མཆོག།
笃松 迭谢 洽拿 贝玛秋 三世如来胜莲花持尊
གཡེལ་བ་མེད་པར་རྗེས་སུ་འཛིན་པའི་རྒྱུར།།
页哇 美巴 杰速 则贝久 无散逸慈悲摄受之因
འགྱུར་བ་མྱུར་དུ་མཛོད་ཅིག་སྤྱན་རས་གཟྱིགས།།
久哇 纽笃 则计 坚热息 祈令迅速成就观世音
ཞེས་པ་འཕགས་པ་ལ་གསོལ་འདེབས་སྨོན་ལམ་སྨྲེ་སྔགས་ཀྱི་ཚིག་འདི་རང་གཞན་གྱི་དོན་དུ་འབྲི་གུང་པ་རྡོ་རྗེ་འཆང་ཆོས་ཀྱི་རྒྱལ་པོས་རྗེས་སུ་བཟུང་བ། དགེ་སློང་སྤྱན་སྔ་དཀོན་མཆོག་ རཏྣས་སྦྱར་བ། དགེ་ཞིང་དར་བར་གྱུར་ཅིག སརྦ་མངྒ་ལཾ།། 如是祈请圣者之悲愿词句,乃直贡巴金刚持却吉嘉波慈悲摄受之比丘敬安恭却拉那为利自他而造。愿增善流布。一切贤善!
